ཟླ་དང་པོ་ནས་བཅུ་གཅིག་པའི་བར་ཀྲུང་དབྱང་ཁེ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར་ཁྲི་9.5ཟིན་པ།
རྒྱལ་ཁབ་རིམ་པའི་ཞིབ་འཇུག་གསར་སྤེལ་ལས་སྟེགས་ཁྱོན་474བསྐྲུན་པ།
གསར་འགོད་པར་ཤེས་རྟོགས་བྱུང་བར། 2025ལོའི་ཚུན་དུ། ཀྲུང་དབྱང་ཁེ་ལས་ཁག་གིས་སྤུས་འབྲས་ལེགས་གཉེར་དང་རིན་ཐང་གསར་གཏོད་སོགས་ཀྱི་ཆེད་དོན་བྱ་སྤྱོད་ཏན་ཏིག་སྤེལ་བས་གཉེར་སྐྱོང་བརྟན་ཐོག་ཡར་འཕེལ་བྱུང་སྟེ། ཟླ་དང་པོ་ནས་བཅུ་གཅིག་པའི་བར། ཀྲུང་དབྱང་ཁེ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར་ཁྲི་9.5ཟིན་པ་དེ་དུས་མཚུངས་ལས་1.4%འཕར་ཡོད་པ་རེད།
ཟླ་དང་པོ་ནས་བཅུ་གཅིག་པའི་བར། ཀྲུང་དབྱང་ཁེ་ལས་ཀྱི་ལོ་འཁོར་མོའི་ལས་མི་ཡོངས་ཀྱི་ངལ་རྩོལ་ཐོན་སྐྱེད་ལས་ཆོད་མི་རེར་སྒོར་ཁྲི་81.1ཟིན་པ་དེ་དུས་མཚུངས་ལས་3%ཆེ་རུ་ཕྱིན་པ་དང་། ལས་གཉེར་ཡོང་འབབ་ཀྱི་ཁེ་སྤོགས་དང་ལོ་འཁོར་མོའི་གཙང་བདག་རྒྱུ་ནོར་གྱི་ཁེ་སྤོགས་གཉིས་ཀ་ལུགས་མཐུན་གྱི་ཆུ་ཚད་རྒྱུན་འཁྱོངས་ཐུབ་པ། གཏན་འཇགས་རྒྱུ་ནོར་ལ་མ་འཇོག(ས་ཁང་ཚུད་མེད་པ)སྒོར་དུང་ཕྱུར་ཁྲི་3.3བྱས་པ་དེ་དུས་མཚུངས་ལས་0.7%འཕར་ཡོད།
ལྷག་པར་དུ་དོ་སྣང་བྱེད་དགོས་པ་ཞིག་ནི། ཀྲུང་དབྱང་ཁེ་ལས་ཀྱི་གསར་གཏོད་ནུས་པ་བརྟན་པོའི་ངང་ཆེ་རུ་ཕྱིན་ཞིང་། ཟླ་དང་པོ་ནས་བཅུ་གཅིག་པའི་བར། ཀྲུང་དབྱང་ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་ཐད་བཏང་བའི་མ་དངུལ་སྒོར་དུང་ཕྱུར་8901.6ཟིན་པ་དང་ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་གཏོང་ཚད་2.62%ཟིན་ཡོད། རིམ་རྩིས་བརྒྱབ་ན། རྒྱལ་ཁབ་རིམ་པའི་ཞིབ་སྤེལ་ལས་སྟེགས་ཁྱོན་474བསྐྲུན་པ་དང་རྒྱལ་ཡོངས་ཀྱི་གཙོ་གནད་ཚོད་ལྟ་ཁང་91བསྐྱར་སྒྲིག་རིམ་ཚུད་བྱུང་ཡོད། ཀྲུང་དབྱང་ཁེ་ལས་ཀྱིས་སྣེ་ཁྲིད་པའི་གསར་གཏོད་མཉམ་འབྲེལ་སྒྲིག་གཞི་23གྱིས་གསར་གཏོད་བྱེད་པོ་100ལྷག་ཙམ་འགག་སྒྲོལ་ནང་ཞུགས་པའི་ཡིད་དབང་བཀུག་པ་དང་མཉམ་ལས་རྣམ་གྲངས་1000ལྷག་ཙམ་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།