ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ཁྱད་ལྡན་སྒྲོག་འགྲེལ་ལ་བརྟེན་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མི་སེམས་ལ་གཏིང་ཟབ་ཟུག་པར་སྐུལ་འདེད་བཏང་བ།
སྤྱི་གླིང་ནང་གི“ཁྱིམ་མཚེས་ཀྱི་སློབ་ཁང”
དགུན་དུས་ཀྱི་ལྷ་སར་ཉི་འོད་རབ་ཏུ་འཚེར་བ་དང་རྫོང་རྒྱབ་ཀླུ་ཁང་གི་བྱང་ངོས་སུ་ཡོད་པའི“སྤྱི་གླིང་དེབ་ཁང”གི་སྒོ་འགྲམ་དུ་དྲོ་སོབ་སོབ་ཡོད་ཅིང་། དེ་གར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་བྱེད་སྒོ་ཞིག་སྤེལ་བཞིན་ཡོད། དེབ་ཁང་གི་སྒོ་འགྲམ་དུ་གྲོང་མི་40ལྷག་ཙམ་རུབ་རུབ་བྱས་ནས་བག་ཕེབས་པོས་ཉི་མ་སྲོ་བཞིན་དུ་སྒྲོག་འགྲེལ་ཉན་བཞིན་མཆིས། “ཚང་མ་སྒོ་ར་གཅིག་ཏུ་འཚོ་བ་སྐྱེལ་གྱི་ཡོད་པས་རྟག་ཏུ་འཕྲད་སྲིད་ལ་ཁྱིམ་མཚེས་དབར་བློ་ལ་བབ་པོ་མ་བྱུང་ཚེ་སེམས་སྐྱིད་པོ་ཡོང་མི་སྲིད”ཅེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་སྒྲོག་འགྲེལ་པ་རྩེ་གྲ་ངག་དབང་དོན་གྲུབ་ཀྱིས་མི་ཚོགས་ཁྲོད་ལངས་ནས་སྙིང་ཉེ་བའི་སྐད་ཆ་བཤད་པ་དེར་ཚང་མས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད།
ངག་དབང་དོན་གྲུབ་ནི་གཞི་རིམ་སྒྲོག་འགྲེལ་མཁས་ཅན་ཞིག་ཡིན་པ་དང་ཁོང་གིས་རིགས་པའི་གཞུང་ལུགས་ཀྱི་གནས་ལུགས་ཆེན་པོ་དག་རང་ཉིད་ཀྱི་ཉེ་འགྲམ་གྱི་དོན་ཆུང་དང་ཟུང་འབྲེལ་མཁས་པོ་བྱེད་ཀྱི་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་ཟུང་འབྲེལ་བྱས་ཏེ་ཁོང་གིས་དེ་གར་ཡོད་པའི་ཡུལ་མི་ཚོར། “ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པར་གྲོས་འཆམ་བྱུང་བའི《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་གཞི》ཡི་ནང་དུ་མི་དམངས་མང་ཚོགས་ཀྱི་བྱེད་པོའི་ནུས་པ་བཏོན་ནས་ཕྱོགས་ཁག་གོ་རིམ་ལྡན་པའི་ངང་སྤྱི་ཚོགས་བཅོས་སྐྱོང་ལ་ཞུགས་པར་ཁྲིད་སྟོན་བྱེད་དགོས་པ་བཏོན་ཡོད། དེ་ཐོས་པ་ཙམ་གྱིས་གནས་ལུགས་ཆེན་པོ་ཞིག་ཡིན་པའི་ཚོར་སྣང་ཡོད་རུང་དེ་ནི་ངེད་ཚོའི་འཚོ་བ་དང་བར་ཐག་ཧ་ཅང་ཉེ་པོ་ཡོད། ངེད་ཚོ་མི་སེར་ཚོས་གནད་དོན་འཕྲད་སྐབས་མི་གཞན་ལ་བསམ་བློ་མང་ཙམ་གཏོང་བ་ལས་དོན་དག་ཕྲན་བུ་ཙམ་ལའང་རྩོད་པ་རྒྱག་མི་རུང་། ཁྱིམ་མཚེས་དབར་རྩོད་གླེང་ཉུང་ཙམ་དང་བསྟུན་མཁས་མང་ཙམ་བྱས་ཏེ་སྡེ་ཁུལ་གྱི་ཁོར་ཡུག་བཅོས་སྐྱོང་ལ་མཉམ་དུ་ཞུགས་པ་དང་སྡེ་ཁུལ་ལ་གཞོགས་འདེགས་བྱས་ཏེ་ཁྱིམ་གྱི་སྒོ་ཁའི་དོན་དག་ལ་དོ་དམ་ཡག་པོ་བྱེད་དགོས་པ་དེ་ནི་རྒྱལ་ཁབ་ཀྱི་ཞི་མཐུན་བརྟན་ལྷིང་ལ་ལེགས་སྐྱེས་ཕུལ་བ་ཞིག་རེད”ཅེས་གོ་བདེ་རྟོགས་སླའི་སྐད་ཆ་ནས་འགྲེལ་བཤད་བརྒྱབ་སྟབས་དེ་གར་ཡོད་པའི་མང་ཚོགས་ཚོས་མགོ་བོ་ལྕོག་ལྕོག་བྱས།
བྱེད་སྒོ་མཇུག་འགྲིལ་ཁར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཨུད་དྲིལ་བསྒྲགས་པུའུ་དྲིལ་བསྒྲགས་སློབ་གསོ་གཞུང་དོན་ཁང་གི་འགན་འཁུར་བས་ད་ཐེངས་ཀྱི་སྒྲོག་འགྲེལ་ནི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་བྱེད་སྟངས་ཀྱི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད། སླད་ཕྱིན་ཁྲེང་ཀོན་ཆུས་ཀྱིས“སྤྱི་གླིང་གི་དེབ་ཁང”སོགས་མང་ཚོགས་དང་ཉེ་བའི་སྤྱི་པའི་རིག་གནས་བར་མཐོངས་ལ་མུ་མཐུད་བརྟེན་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མི་སེར་དཀྱུས་མའི་ཁྲོད་ཁྱབ་གདལ་བཏང་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས་ཞེས་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།