དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཟླ་དང་པོ་ནས་ཟླ་བཅུ་གཅིག་པའི་བར་ལྗོངས་ཡོངས་སུ་ཁྲལ་འབྲེལ་གཉེར་སྐྱོང་བྱེད་པོ་ཁྲི་39ལས་བརྒལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-27

    ཉིན་ཤས་གོང་། གསར་འགོད་པར་ཁྲལ་གྲོན་གྲངས་གཞི་ནས་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་སར་ལྟ་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ད་ལོ་ཚུན་དུ། བོད་ཀྱི་ཁྲལ་དོན་སྡེ་ཚན་གྱིས་གཙོ་འགན་གཙོ་ལས་ཀྱི་འགན་འཁྲི་བློ་བརྟན་འགྱུར་མེད་ངང་ཁུར་ནས་རང་འགན་གཙང་སྒྲུབ་དང་མཉམ་དུ་འགག་སྒྲོལ་བྱས་ཤིང་། ཟླ་དང་པོ་ནས་ཟླ་བཅུ་གཅིག་པའི་བར། བོད་ལྗོངས་ཡོངས་ཀྱི་ཁྲལ་དོན་སྡེ་ཚན་གྱིས་བསྡུས་པའི་ཁྲལ་དངུལ་ཡོང་འབབ་སྒོར་དུང་ཕྱུར་806ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་11.1%འཕར་བ་དང་། ཡོང་འབབ་འཕར་བའི་བརྟན་པོའི་རང་བཞིན་དང་རྒྱུན་མཐུད་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། བོད་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་བརྟན་ཐོག་ཡར་འཕེལ་དང་ཡུན་རིང་ལེགས་ཕྱོགས་ཀྱི་གཞི་རྩའི་རྣམ་པ་རྒྱུན་མཐུད་ཐུབ་ཡོད།

    ལྗོངས་ཡོངས་ཀྱི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་བཟང་པོ་དང་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་གཏོང་གི་སྲིད་ཇུས་ཀྱི་ཁེ་སྤོགས་ཀྱི་ཕན་པ་ཐོབ་པས། བོད་ཀྱི་གཉེར་སྐྱོང་བྱེད་པོའི་གྲངས་འབོར་མགྱོགས་མྱུར་འཕར་བ་དང་འཕེལ་རྒྱས་ཀྱི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཞིང་། ཟླ་དང་པོ་ནས་ཟླ་བཅུ་གཅིག་པའི་བར། བོད་ལྗོངས་ཡོངས་ཀྱི་ཁྲལ་འབྲེལ་གཉེར་སྐྱོང་བྱེད་པོ་ཁྲི་39ལས་བརྒལ་བ་དེ་དུས་མཚུངས་ལས་20%འཕར་བ་དང་། ཁྲལ་འབྲེལ་གཉེར་སྐྱོང་བྱེད་པོ་ཁྲི་7ལྷག་ཙམ་མང་དུ་ཕྱིན་པ་དེ་དུས་མཚུངས་ལས་77.1%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།