དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་321སྒྱུར་བཀོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-27

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་ཀྱིས་2000ལོའི་གོང་བསྐྲུན་པའི་བདག་སྐྱོང་དང་། དོ་དམ། ཉམས་གསོ་བཅས་མ་བྱུང་བའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་321སྒྱུར་བཀོད་བྱས་པར། མ་དངུལ་སྒོར་དུང་ཕྱུར་44ཙམ་བཏང་བ་དང་། མང་ཚོགས་དུད་ཚང་ཁྲི་6.62ལྷག་ཙམ་ལ་ཕན་པ་ཐོབ་ཡོད། མིག་སྔར། ཁུལ་ཆུང་232སྒྱུར་བཀོད་བྱས་ཟིན་པ་དང་ཁུལ་ཆུང་89སྒྱུར་བཀོད་བྱེད་བཞིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཁྱེར(ས་ཁུལ)དང་རྫོང(ཆུས)ཁག་གི་རྣམ་གྲངས་ཁྲིམས་མིའི་སྡེ་ཚན་གྱིས་དུས་འགོའི་གྲལ་བཤེར་དང་བརྟག་ཞིབ་བྱས་པ་བརྒྱུད། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་སྒྱུར་བཀོད་ཀྱི་ལག་བསྟར་ཇུས་གཞི་བཟོས་པ་དང་འབྲེལ་རྣམ་གྲངས་རེ་ཞུ་དང་། མ་དངུལ་གྲབས་གསོག རྣམ་གྲངས་ལག་བསྟར་སོགས་འབྲེལ་ཡོད་ལས་དོན་ཧུར་ཐག་སྤེལ་ཡོད།“སྔོན་ལ་ས་འོག་དང་རྗེས་སུ་ས་སྟེང”གི་རྩ་དོན་གཞིར་བཟུང་སྒྱུར་བཀོད་ཀྱི་ནང་དོན་གཙོ་བོའི་ནང་ཆར་ཆུ་དང་བཙོག་ཆུ་འབུད་ལམ་སྒྱུར་བཀོད་དང་། འཚོ་བའི་མཁོ་ཆུའི་ཆུ་ལམ་སྒྱུར་བཀོད། ལམ་ངོས་མཁྲེགས་སྒྱུར། གློག་སྒྲོན་ལས་གྲྭ གློག་གནོན་སྒྱུར་ཆས་ཀྱི་ཤོང་ཚད་རྒྱ་སྐྱེད། སྤྱི་པའི་གསང་སྤྱོད་ཉམས་གསོ། རླངས་འཁོར་དབྱེ་འབྱེད་མ་ལག་སོགས་ཚུད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།