དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱིས་ཁེ་ལས་རྩེ་གྲ་འབྲིང་ཆུང་རིམ་པ་བཞིན་སྐྱེད་སྲིང་གི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ།

    ད་ལོ་གསར་གཏོད་རྣམ་པའི་ཁེ་ལས་འབྲིང་ཆུང་190སྐྱེད་སྲིང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-27

    གསར་འགོད་པར་བོད་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཐིང་ནས་ཤེས་རྟོགས་བྱུང་བར། ད་ལོ་ཚུན་དུ། བོད་ཀྱིས་ཁེ་ལས་རྩེ་གྲ་འབྲིང་ཆུང་རིམ་པ་བཞིན་སྐྱེད་སྲིང་གི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། མིག་སྔའི་བར། གསར་གཏོད་རྣམ་པའི་ཁེ་ལས་འབྲིང་ཆུང་190དང་ཆེད་ཞིབ་ཁྱད་གསར་བཞིའི་ཁེ་ལས་འབྲིང་ཆུང་17སྐྱེད་སྲིང་གཏན་འཁེལ་བྱས་པ་དང་འབྲེལ། ཆེད་ཞིབ་ཁྱད་གསར་བཞིའི་ཁེ་ལས་འབྲིང་ཆུང་2བདམས་ནས་ཁག་བདུན་པའི་རྒྱལ་ཁབ་ཀྱི་ཆེད་ཞིབ་ཁྱད་གསར་བཞིའི“སྣེ་འདྲེན་ཁེ་ལས”གཏན་འཁེལ་དང་བསྐྱར་བཤེར་ལ་ཞུགས་པར་འོས་སྦྱོར་བྱས་ཡོད། དེའི་ནང་། དྲ་རིག་ཐེན་ཡོན་ཚན་རྩལ་ཚོགས་པ་མ་རྐང་ཚད་ཡོད་ཀུང་སི་བསྐྱར་ཞིབ་འཕྲོད་པ་དང་། བོད་ལྗོངས་ཆེས་བྲིན་བོད་སྨན་མ་རྐང་ཚད་ཡོད་ཀུང་སི་ངོས་འཛིན་གཏན་འཁེལ་བྱུང་བས་ཁག་བདུན་པའི་རྒྱལ་ཁབ་ཀྱི་ཆེད་ཞིབ་ཁྱད་གསར་བཞིའི“སྣེ་འདྲེན་ཁེ་ལས”ལ་བདམས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ཚུན་དུ། ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ཀྱི་ཆེད་སྤྱོད་མ་དངུལ་གྱིས་རིམ་རྩིས་བརྒྱབ་ན་འབྲེལ་ཡོད་མ་དངུལ་སྒོར་ཁྲི་2820བཏང་ནས་གསར་གཏོད་རང་བཞིན་གྱིས་འབྲིང་ཆུང་141ལ་རྒྱབ་སྐྱོར་བྱས་པ་དང་། འབྲེལ་ཡོད་མ་དངུལ་སྒོར་ཁྲི་600བཏང་ནས་ཆེད་ཞིབ་ཁྱད་གསར་བཞིའི་ཁེ་ལས་འབྲིང་ཆུང་12ལ་རྒྱབ་སྐྱོར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།