དབུ་ཤོག
  • རང་གི་གྲོགས་པོར་ཆ་འཕྲིན་འདི་རིགས་བསྐུར་ན་ཁྲིམས་ལས་འགལ་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2025-12-26

    2026ལོའི་ཟླ་1ཚེས་1ཉིན་ནས་བཟུང་། བཟོ་བཅོས་གསར་པ་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》(གཤམ་དུ《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཞེས་བསྡུ་རྒྱུ)དངོས་སུ་ལག་ལེན་བསྟར་རྒྱུ་ཡིན་ཞིང་། དེའི་དོན་ཚན་བརྒྱད་ཅུའི་ནང་ཆགས་སྲེད་ཀྱི་ཆ་འཕྲིན་སྐུར་མཁན་ལ་ཆད་པ་གཅོད་པའི་གཏན་འབེབས་ཁ་གསལ་བཟོས་ཡོད་ལ། ཆགས་སྲེད་ཀྱི་ཆ་འཕྲིན་སྐུར་མཁན་ལ་ཆད་པ་གཅོད་ཤུགས་ཆེ་རུ་བཏང་ཡོད་པ་རེད།

    《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》གསར་པའི་དོན་ཚན་བརྒྱད་ཅུའི་ནང“ཆ་འཕྲིན་དྲ་རྒྱ་དང་། ཁ་པར། དེ་བཞིན་འཕྲིན་གཏོང་ཡོ་བྱད་གཞན་དག་སྤྱད་དེ་ཆགས་སྲེད་ཀྱི་ཆ་འཕྲིན་སྐུར་རིགས”བདེ་འཇགས་ཆད་གཅོད་ཀྱི་ཁོངས་སུ་འཇུག་གི་ཡོད་ཅིང་། ཆགས་སྲེད་ཀྱི་ཆ་འཕྲིན་སྐུར་ཡུལ་སྐད་འཕྲིན་ཚོགས་པ་ཡིན་ནའང་འདྲ་ཡང་ན་མི་སྒེར་ཡིན་ནའང་རུང་། གལ་ཏེ་དཔང་རྟགས་ཁུངས་བཙན་ཡོད་ཚེ། ཚང་མར་ཉིན་བཅུ་ནས་ཉིན་བཅོ་ལྔ་མན་གྱི་བཀག་ཉར་བྱ་ཆོག་པ་དང་སྒོར་ལྔ་སྟོང་མན་གྱི་དངུལ་ཆད་གཏོང་ཆོག གནས་ཚུལ་ཚབས་ཆུང་བར་ཉིན་ལྔ་མན་བཀག་ཉར་བྱེད་པའམ་ཡང་ན་སྒོར་ཆིག་སྟོང་ནས་སུམ་སྟོང་མན་གྱི་དངུལ་ཆད་གཏོང་ཆོག་པ་ཁ་གསལ་འཁོད་ཡོད།

    གྲངས་འཛིན་གྱི་དུས་རབས་སུ། 《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》གསར་པ་ལག་ལེན་བསྟར་བ་ལས། དྲ་རྒྱའི་ཐོག་ཆགས་སྲེད་ཀྱི་ཆ་འཕྲིན་བསྐུར་བར་བཀག་འགོག་ནུས་ལྡན་ཐུབ་རྒྱུ་མ་ཟད། དྲ་རྒྱའི་བར་མཐོངས་གཙང་མ་ཞིག་ཆགས་ནས། སྤྱི་ཚོགས་ཀྱི་སྤྱི་པའི་སྲོལ་བཟང་དང་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཐུབ་རྒྱུ་ཡིན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།