དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུས་བརྡ་ཐོ་བཀྲམ་ནས།

    གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་། ཏང་ཡོན་རྒན་གྲས། ལས་བྱེད་པ་རྒན་གྲས་བཅས་ལ་འཚམས་འདྲི་ཞུ་དགོས་པའི་བླང་བྱ་བཏོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-26

    ཉེ་ཆར། ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུས་བརྡ་ཐོ་བཀྲམ་ནས། རིམ་ཁག་ཏང་རྩ་འཛུགས་ཀྱིས་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་། ཏང་ཡོན་རྒན་གྲས། ལས་བྱེད་པ་རྒན་གྲས་བཅས་ལ་འཚམས་འདྲི་ཞུས་ཏེ། རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མི་དམངས་མང་ཚོགས་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་དྲོ་སྐྱིད་ཟབ་མོ་ཚོར་ཐུབ་པ་དང་། རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་མཉམ་དུ་འབད་འཐབ་བྱེད་པར་སྔར་བས་སྐུལ་ལྕག་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རིང་ནུས་པ་གང་ལེགས་འདོན་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    བརྡ་ཐོའི་ནང་བསྟན་དོན། སེམས་རྩ་འཁོལ་པོ་དང་བརྩེ་སེམས་ཟབ་མོས་འཚམས་འདྲི་བྱེད་དགོས། འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་། ཏང་ཡོན་རྒན་གྲས། ལས་བྱེད་པ་རྒན་གྲས་བཅས་ཀྱི་གཞི་རྩའི་གནས་ཚུལ་ཕྱོགས་ཡོངས་ནས་ཁོང་དུ་ཡག་པོ་ཆུད་པར་བྱས་ཏེ་འཚམས་འདྲིའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་དགོས། ཀྲུང་གོ་གསར་པ་དབུ་མ་བརྙེས་གོང་ཏང་ལ་ཞུགས་པའི་ཏང་ཡོན་རྒན་གྲས་ཚང་མར་འཚམས་འདྲི་ཞུ་ཐུབ་པར་བྱེད་དགོས། གཞི་རིམ་གྱི་ལས་བྱེད་པ་དང་། ལྷག་པར་དུ་ཆ་རྐྱེན་དཀའ་ཚེགས་ཆེ་བའི་ས་ཁུལ་དང་ལས་འགན་ཛ་དྲག་ལ་ཉེན་ཁ་ཆེ་བའི་འཐབ་ས་དང་པོར་ལས་ཀ་བྱེད་མཁན་བློ་མཐུན་ཚོར་སེམས་ཁུར་དང་གཅེས་སྐྱོང་བྱེད་དགོས། “སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས”དང་། “བདུན་གཅིག་བྱས་རྗེས་གཟེངས་རྟགས” རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན། རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན། རྒྱལ་ཡོངས་ཀྱི་ཕུལ་བྱུང་ཏང་དོན་ལས་དོན་པ་བཅས་ཀྱི་འབྲེལ་ཡོད་ཐོབ་ཆ་དོན་འཁྱོལ་དང་འཚམས་འདྲི་ཞུ་བའི་ལས་དོན་ཞིབ་ཚགས་དང་ཡག་པོ་སྒྲུབ་དགོས། གཞུང་དོན་དུ་སྐུ་གཤེགས་པའི་ཏང་ཡོན་ལས་བྱེད་པའི་ནང་མིར་སེམས་གསོའི་འཚམས་འདྲི་དང་། ལྟ་རྟོག་རོགས་སྐྱོབ། རྒྱུན་མཐུད་རོགས་རམ་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། འཚམས་འདྲིའི་ཁྱབ་རྒྱ་ཆེ་རུ་བཏང་སྟེ། འགྲོ་ལུགས་ལྟར་ལས་གནས་ནས་བྲལ་བའི་གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་། གྲོང་མི(སྡེ་ཁུལ)ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་། དེ་བཞིན་ནད་ཀྱིས་རྐྱེན་པས་དབུལ་པོར་གྱུར་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་སོགས་ལ་གཅེས་སྐྱོང་རོགས་རམ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། ལས་ཞུགས་ཐུབ་མ་ཐག་པའི་ཚོགས་སྤྱིའི་ཁྲོད་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་ལ་འཚམས་འདྲི་བྱེད་དགོས་པ་མ་ཟད། དཀའ་ངལ་ངོ་མ་ཡོད་པའི་གཞི་རིམ་གྱི་ཏང་དོན་ལས་དོན་པར་ཡང་འཚམས་འདྲི་བྱས་ཆོག ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་གི་ཚབ་བྱས་ཏེ་དོ་དམ་བྱེད་པའི་ཏང་དངུལ་ནས་འཚམས་འདྲིའི་དངུལ་གཏོང་སྤྲོད་དང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས(ཁོངས་གཏོགས)ལྷན་སྦྱར་མ་དངུལ་གང་མགྱོགས་དོན་འཁྱོལ་བྱས་ནས། དཔྱིད་གསར་དུས་ཆེན་གོང་འཚམས་འདྲི་བྱ་ཡུལ་གྱི་ལག་ཏུ་འཚམས་འདྲིའི་དངུལ་སྤྲོད་ཐུབ་པའི་འགན་ལེན་བྱེད་དགོས།

    བརྡ་ཐོའི་ནང་བླང་བྱ་བཏོན་དོན། ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་ཐོབ་ཐང་དང་ཏང་ཡོན་རྒན་གྲས་ཀྱི་འཚོ་བའི་ཁ་གསབ་དོན་འཁྱོལ་ཡག་པོ་བྱེད་པ་དང་། འབྲེལ་ཡོད་སྲིད་ཇུས་ཀྱི་གཏན་འབེབས་ལག་བསྟར་ནན་ཏན་བྱས་ཏེ། ཀྲུང་གོ་གསར་པ་དབུ་བརྙེས་མ་གོང་ཏང་ལ་ཞུགས་པའི་གྲོང་གསེབ་ཀྱི་ཏང་ཡོན་རྒན་གྲས་དང་ལས་བྲལ་དང་རྒན་ཡོལ་གྱི་ཐོབ་ཐང་ལོངས་སྤྱོད་ཐུབ་མེད་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཏང་ཡོན་རྒན་གྲས་ལ་འཚོ་བའི་ཁ་གསབ་སྤྲོད་པའི་ལས་དོན་ཡག་པོ་སྒྲུབ་དགོས།

    བརྡ་ཐོའི་ནང་ནན་བཤད་བྱས་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་འཚམས་འདྲིའི་བྱེད་སྒོ་སྤེལ་བ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་བཟོ་བའི་དབར་ཟུང་འབྲེལ་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པར་ཁྲིད་སྟོན་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བར་སྣེ་ཁྲིད་བྱེད་པ་དང་། གཞི་རིམ་དང་ཁྱིམ་ཚང་དུ་བསྐྱོད་ནས་འཚམས་འདྲི་བྱ་ཡུལ་ལ་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་དྲོ་སྐྱིད་མཚོན་པར་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་ནས་ཕྱི་ཚུལ་རིང་ལུགས་དང་གཞི་རིམ་གྱི་ཁུར་པོ་ལྕི་རུ་འགྲོ་རྒྱུ་གཏན་འགོག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།