པའོ་ཐོའུ་ནས་དབྱིན་ཁྲོན་བར་གྱི་མྱུར་བགྲོད་ལྕགས་ལམ་ཁྱོན་ཡོངས་ནས་ཤར་གཏོང་ཐུབ་པ།

ཉེ་ཆར། པའོ་ཐོའུ་ནས་དབྱིན་ཁྲོན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་ནས་སྤྱོད་འགོ་ཚུགས་ཤིང་། “གཞུང་བརྒྱད་འཕྲེད་བརྒྱད”ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བའི་ཅིང་ལན་བགྲོད་ལམ་གྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་ཡོད་པ་རེད། པའོ་དབྱིན་མྱུར་བགྲོད་ལྕགས་ལམ་གྱི་མ་ལམ་གྱི་རིང་ཚད་ལ་སྤྱི་ལེ་519ཡོད་པ་དང་། ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་རྗེས། ཅིང་པའོ་མྱུར་བགྲོད་ལྕགས་ལམ་དང་དབྱིན་ལན་མྱུར་བགྲོད་ལྕགས་ལམ་སོགས་དང་མཉམ་དུ་རང་རྒྱལ་གྱི“གཞུང་བརྒྱད་འཕྲེད་བརྒྱད”ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བའི་བགྲོད་ལམ་གཙོ་བོའི་གྲས་ཤིག་ཡིན་པའི་ཅིང་ལན་མྱུར་བགྲོད་ལྕགས་ལམ་གྲུབ་ནས། ལམ་རྒྱུད་ཀྱི་མང་ཚོགས་ཀྱི་འགྲོ་སྐྱོད་ལ་སྟབས་བདེ་སྐྲུན་མུས་ལགས། འདི་ནི་པའོ་དབྱིན་མྱུར་བགྲོད་ལྕགས་ལམ་ཐོག་སྐྱོད་བཞིན་པའི་ཤུགས་འགྲེམས་མེ་འཁོར་ཡིན་པ།
འབྲེལ་ཡོད་གསར་འགྱུར།