《ཞི་ཅིན་ཕིང་གི་དམངས་སྲིད་ལས་དོན་སྐོར་གྱི་རྣམ་བཤད་གནད་བསྡུས》སློབ་སྦྱོང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
ཟླ་12ཚེས་23ཉིན། 《ཞི་ཅིན་ཕིང་གི་དམངས་སྲིད་ལས་དོན་སྐོར་གྱི་རྣམ་བཤད་གནད་བསྡུས》སློབ་སྦྱོང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། རྒྱལ་དོན་ཨུ་ཡོན་ཧྲེན་དབྱི་ཆིན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ཧྲེན་དབྱི་ཆིན་གྱིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་སྲིད་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ནི་བརྗོད་དོན་རྒྱ་ཆེ་གཏིང་ཟབ་དང་། བརྩེ་སེམས་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ། དགོངས་དོན་གཏིང་ཟབ་པ་བཅས་ཡོད་པས། དུས་རབས་གསར་པར་དམངས་སྲིད་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་དང་སྒུལ་ཤུགས་ཆེན་པོ་བསྣན་ཡོད། དེའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ཏེ། དམངས་སྲིད་ལས་དོན་དམངས་འཚོ་དང་འབྲེལ་བ་ཡོད་པ་དང་དམངས་སེམས་དང་འབྲེལ་བའི་རྩ་བའི་ལངས་ཕྱོགས་དང་གཞི་རྩའི་ངོ་བོ་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཁ་ཕྱོགས་དང་ངེས་གནས་མཐའ་འཁྱོངས་བྱེད་པ། མི་འབོར་ན་རྒས་ཅན་ལ་ཁ་གཏད་ཧུར་ཐག་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ། སྤྱི་ཚོགས་ཀྱི་རོགས་སྐྱོབ་དང་། སྤྱི་ཚོགས་ཀྱི་ཕན་བདེ། སྤྱི་ཚོགས་ཀྱི་ལས་དོན། སྤྱི་ཚོགས་བཅོས་སྐྱོང་བཅས་ཀྱི་ལས་ཀའི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ། དམངས་སྲིད་བྱ་གཞག་སྒྱུར་བཅོས་འཕེལ་རྒྱས་ཟབ་ཏུ་གཏོང་བ་དང་དམངས་སྲིད་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། སེམས་ནུས་ཡོད་རྒུས་དམངས་སྲིད་ལས་དོན་ཡག་པོ་སྒྲུབ་དགོས།
ཧྲེན་དབྱི་ཆིན་གྱིས་གསུངས་དོན། 《རྣམ་བཤད་གནད་བསྡུས》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཡག་པོ་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ།“ལོ་ལྔ་ཚན་བཅོ་ལྔ་པའི”རིང་དམངས་སྲིད་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།
འབྲེལ་ཡོད་གསར་འགྱུར།