དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཤང་ཀང“ཏ་ཕུའུ་ཧུང་ཧྥུའུ་ཡོན་རོགས་སྐྱོར་ཐེབས་རྩ”ཡི་དངུལ་འབོར་ཤང་ཀང་གི་སྒོར་མོ་དུང་ཕྱུར་40ཙམ་བར་འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-26

    ཉེ་ཆར་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པར། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་བཙུགས་པའི“ཏ་ཕུའུ་ཧུང་ཧྥུའུ་ཡོན་རོགས་སྐྱོར་ཐེབས་རྩ”ལ་ཕྱི་ཕྱོགས་ཀྱི་ཞལ་འདེབས་ཤང་ཀང་གི་སྒོར་མོ་དུང་ཕྱུར་37ཙམ་འབྱོར་བ་མ་ཟད། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་བཏང་བའི་ལས་འགོ་འཛུགས་པའི་མ་དངུལ་ཤང་ཀང་གི་སྒོར་མོ་དུང་ཕྱུར་3བསྣན་ན་ཐེབས་རྩའི་དངུལ་འབོར་ཤང་ཀང་གི་སྒོར་མོ་དུང་ཕྱུར་40ཙམ་ཟིན་གྱི་ཡོད།

    དམིགས་བསལ་སྲིད་འཛིན་ཁུལ་གྱི་དམངས་སྲིད་དང་གཞོན་ནུའི་ལས་དོན་ཅུས་ཀྱི་ཅུས་ཀྲང་མའེ་མེ་ཅོན་གྱིས་བརྗོད་པར། “ཏ་ཕུའུ་ཧུང་ཧྥུའུ་ཡོན་རོགས་སྐྱོར་ཐེབས་རྩ”ཡི་སྲིད་འཛིན་བཀོད་སྒྲིག་ཚང་མ་མཛོད་དོན་ཧྲུའུ་དང་དམངས་སྲིད་དང་གཞོན་ནུའི་ལས་དོན་ཅུས་སོགས་སྲིད་གཞུང་སྡེ་ཚན་གྱིས་ཐག་གཅོད་བྱེད་ཀྱི་ཡོད་ཅིང་། སྲིད་འཛིན་གྲོན་དངུལ་གང་རུང་དང་འབྲེལ་བ་མེད། ཐེབས་རྩའི་རྩིས་ཐོ་ཡོངས་བསྒྲགས་དང་ཁ་གསལ་བའི་སྒོ་ནས་རྩིས་བཤེར་ཧྲུའུ་ལ་རྩིས་བཤེར་བྱ་རྒྱུར་འབུལ་གྱི་ཡོད་ལ། འབྲེལ་ཡོད་སྙན་ཞུའང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་འཛུགས་ལྷན་ཚོགས་ལ་འབུལ་རྒྱུ་རེད། ཐེབས་རྩ་འཛུགས་པའི་དམིགས་ཡུལ་ནི་ཧུང་ཧྥུའུ་ཡོན་གྱི་གྲོང་མིར་རོགས་སྐྱོར་ཡུན་རིང་བྱ་རྒྱུ་དང་། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་དུས་མཚམས་ཕྱེ་ནས་རྣམ་གྲངས་མི་འདྲ་བ་འདོན་རྒྱུ། ཐེབས་རྩའི་དངུལ་བེད་སྤྱོད་འོས་འཚམ་བྱ་རྒྱུ། གྲོང་མི་ཡོངས་སུ་གཞིས་མ་ཆགས་བར་རོགས་སྐྱོར་བྱ་རྒྱུ་བཅས་ཀྱི་ཆེད་དུ་རེད།

    ཟླ་12ཚེས་21ཉིན་གྱི་སྔ་དྲོའི་བར་གྲོང་མི་572དམངས་སྲིད་དང་གཞོན་ནུའི་ལས་དོན་ཅུས་ཀྱིས་མཐུན་སྦྱོར་བྱས་པའི་གསོལ་མགྲོན་ཁང་ནང་བཀོད་སྒྲིག་བྱས་པ་དང་། གྲོང་མི་563གཞོན་ནུའི་ཉལ་ཁང་དང་དམག་སྒར་གྱི་ཉལ་ཁང་ནང་བཀོད་སྒྲིག་བྱས་པ། གཞན་ཡང་གྲོང་མི་3513དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་སྡོད་ཁང་ཅུས་ཀྱི་བར་བརྒལ་རང་བཞིན་གྱི་སྡོད་ཁང་དང་། སྡོད་ཁང་མཐུན་ཚོགས་ཀྱི་རྣམ་གྲངས་སམ་ཡང་ན་ཐུན་མོན་པའོ་ཐེན་བར་སྒྱུར་སྡོད་ཁང་བཅས་སུ་སྡོད་ཀྱི་ཡོད། མིག་སྔར་ཤུགས་རྐྱེན་ཐེབས་པའི་གྲོང་མི་བཀོད་སྒྲིག་དུས་ཡུན་རིང་ཙམ་བྱེད་ཐུབ་པའི་ཚན་པ་1000ལྷག་ཙམ་ཡོད།

    དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་སྐྱེལ་འདྲེན་ཧྲུའུ་ཡིས་སྤྱི་པའི་སྐྱེལ་འདྲེན་ཞབས་ཞུ་སྒྲུབ་གཉེར་ཚོང་དུད་ལ་ཆེད་སྤྱོད་སྤྱི་སྤྱོད་རླངས་འཁོར་དང་། ཆེད་སྤྱོད་ལམ་ཐིག་གི་སྤྱི་སྤྱོད་རླངས་འཁོར་ཆུང་གྲས། གྲོང་མིའི་སྤྱི་སྤྱོད་རླངས་འཁོར་བཅས་ཀྱི་ཞབས་ཞུར་ཤུགས་སྣོན་བརྒྱབ་སྟེ། རླངས་འཁོར་དང་མི་མང་དུ་བཏང་ནས་ཁུལ་ཁག་གི་བར་བརྒལ་རང་བཞིན་གྱི་ཁང་པའི་ནང་སྡོད་མཁན་ཧུང་ཧྥུའུ་ཡོན་གྱི་གྲོང་མིར་རོགས་སྐྱོར་བྱེད་དགོས་པའི་ལྟ་སྐུལ་དང་མཛུབ་ཁྲིད་བྱས་ཡོད། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་ཆ་འཕྲིན་ཚན་རྩལ་ལས་རིགས་ཀྱིས་བཏོད་པའི་དངོས་ཟོག་ཞལ་འདེབས་ཀྱི་དྲ་ཐོག་ལས་སྟེགས་ཀྱིས་མུ་མཐུད་ལས་སྒོ་སྤེལ་བ་དང་། ད་བར་འབྱོར་ཟིན་པའི་དངོས་ཟོག་2000ཐོ་འགོད་བྱས་པ། རིགས་མི་འདྲ་བའི་དངོས་ཟོག་ཁྲི་2.9ཙམ་ས་ཆ་མང་པོར་སྡེབ་སྐྱེལ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།