དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞིང་ལས་གྲོང་གསེབ་པུས་ཞིང་སྨན་དོ་དམ་ལས་དོན་སྔར་བས་ཚད་ལྡན་དུ་བཏང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-12-26

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པར་ཞིང་ལས་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱུང་བར། ཞིང་ལས་གྲོང་གསེབ་པུས《ཞིང་སྨན་དོ་དམ་ལས་དོན་སྔར་བས་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། བཟོ་བཅོས་བརྒྱབ་རྗེས་ཀྱི་ཞིང་སྨན་དོ་དམ་སྒྲིག་སྲོལ་གྱི་གཏན་འབེབས་གསར་པ་དོན་འཁྱོལ་བྱ་རྒྱུར་དམིགས་ཏེ། ཞིང་སྨན་ཐོ་འགོད་དང་། ཐོན་སྐྱེད་གཉེར་སྐྱོང་། ཐོ་འགོད་ཚོད་ལྟ། མཆན་རྟགས་འགོད་པ་སོགས་ཀྱི་འབྲེལ་ཡོད་ནང་དོན་ཐད་བླང་བྱ་ཞིབ་ཕྲ་བཏོན་ཡོད་པ་རེད།

    ཞིབ་པར་བལྟས་ན། ཞིང་སྨན་ཐོ་འགོད་ཚོད་ལྟའི་ཚན་པའི་སྒྲིག་འགལ་གྱི་ཞིབ་ཕྲའི་གནས་ཚུལ་ཁ་གསལ་བཟོས་ནས། ཚོད་ལྟ་རྫུན་མ་བཟོ་བར་རྡུང་རྡེག་ཚ་ནན་གཏོང་བ་དང་། ཞིང་སྨན་གྱི་མཆན་རྟགས་དང་ཚོང་རྟགས་ཀྱི་མཆན་འགོད་བླང་བྱ་ཚད་ལྡན་དུ་གཏོང་དགོས་པ། ཞིང་སྨན་ཐོན་རྫས་ཀྱི་མཆན་རྟགས་དང་ཚོང་རྟགས་ལ་སྤྱོད་པའི་ཞིབ་ཕྲའི་བླང་བྱ་ཁ་གསལ་བཟོས་ནས་ཞིང་སྨན་སྤྱོད་མཁན་དང་གཞི་རིམ་ལྟ་འདོམས་སྡེ་ཚན་གྱིས་འཚོལ་བཤེར་བྱ་རྒྱུར་སྟབས་བདེ་སྐྲུན་དགོས་པ་སོགས་ཁ་གསལ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།