དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་གསུམ་གྱིས“བཅའ་ཁྲིམས་རོགས་སྐྱོར་ དང་བླངས་བྱ་སྤྱོད”ཀྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-26

     ཉེ་ཆར་ཁྲིམས་འཛིན་པུའུ་དང་། སློབ་གསོ་པུའུ། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་བཅས་ཀྱིས་བརྡ་ཐོ་བཀྲམ་སྟེ། རྒྱལ་ཡོངས་སུ“བཅའ་ཁྲིམས་རོགས་སྐྱོར་དང་བླངས་བྱ་སྤྱོད”ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་མུ་མཐུད་སྤེལ་བ་དང་འབྲེལ་བཅའ་ཁྲིམས་ལས་དོན་པ་དང་། མཐོ་སློབ་ཀྱི་དགེ་སློབ་དང་མི་སྒེར་བཅས་བཅའ་ཁྲིམས་རོགས་སྐྱོར་དང་བླངས་ཞབས་ཞུའི་བྱ་གཞག་ནང་ཧུར་ཐག་ཞུགས་པར་སྐུལ་སློང་རྒྱ་ཁྱབ་བྱས་ཏེ། བཅའ་ཁྲིམས་དང་བླངས་ཞབས་ཞུ་ཚད་ལྡན་ཅན་གྱི་འཛུགས་སྐྱོང་དང་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

    བརྡ་ཐོའི་ནང་བཏོན་དོན། བཅའ་ཁྲིམས་རོགས་སྐྱོར་དང་བླངས་པའི་དཔུང་ཁག་གསོ་སྐྱོང་དང་འཕེལ་རྒྱས་གཏོང་བ་དང་། ཁྱབ་ཁོངས་མང་བ་དང་རིགས་མང་བའི་དང་བླངས་ཞབས་ཞུ་སྤེལ་བ། བཅའ་ཁྲིམས་རོགས་སྐྱོར་དང་བླངས་ཞབས་ཞུ་ནུབ་རྒྱུད་ཀྱི་གཞི་རིམ་དུ་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་བ། བཅའ་ཁྲིམས་རོགས་སྐྱོར་དང་བླངས་ཞབས་ཞུ་ཁྲིམས་རིག་པའི་སློབ་གསོའི་ནང་འཇུག་པ། དང་བླངས་ཞབས་ཞུའི་རྩ་འཛུགས་དོ་དམ་ལ་ཤུགས་སྣོན་རྒྱག་པ། དང་བླངས་ཞབས་ཞུའི་མཐུན་སྦྱོར་ལམ་སྲོལ་འཛུགས་པ། སྤྱི་ཚོགས་ལས་རིགས་ཁག་རྒྱ་ཁྱབ་ངང་ཞུགས་པར་སྣེ་ཁྲིད་དང་སྐུལ་ཁྲིད་བྱེད་པ་སོགས་བྱེད་ཐབས་བདུན་གྱི་ཐོག་ནས་སྤྱི་དམངས་ཀྱིས་ཤེས་པ་དང་། མང་ཚོགས་བློ་ཡིད་ཚིམ་པ། སྤྱི་ཚོགས་ཀྱི་ཁས་ལེན་ཐོབ་པ་བཅས་ཀྱི་ཁྱད་ལྡན་དང་བླངས་ཞབས་ཞུའི་སྤུས་རྟགས་དེ་བས་མང་བ་གཏོད་པར་ཤུགས་སྣོན་རྒྱག་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།