“ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་རྒྱལ་གྱི་རྩྭ་ཐང་གི་སྐྱེ་ཁམས་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་པ།
རྩྭ་ཐང་ཞན་འགྱུར་གྱི་རྒྱ་ཁྱོན་མུའུ་དུང་ཕྱུར་2.8ཙམ་ཆུང་དུ་ཕྱིན་པ།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་རྒྱལ་གྱིས་རྩྭ་ཐང་སྲུང་སྐྱོང་སླར་གསོར་མུ་མཐུད་ཤུགས་སྣོན་བརྒྱབ་པས་རྩྭ་ཐང་གི་སྐྱེ་ཁམས་སྤུས་ཚད་མུ་མཐུད་ལེགས་སུ་ཕྱིན་ཡོད། རྒྱལ་ཡོངས་ཀྱི་རྩྭ་ཐང་ཞན་འགྱུར་གྱི་རྒྱ་ཁྱོན་ལོ་ལྟར་མུའུ་ཁྲི་4600ཡན་ཆུང་དུ་ཕྱིན་ནས་རྩྭ་ཐང་གི་རྒྱ་ཁྱོན་མུའུ་དུང་ཕྱུར་27བར་ཆེ་རུ་ཕྱིན་པ་དང་། བསྡུར་གྲངས་བཟུང་ཚད་70%ལས་བརྒལ་ནས་རྒྱལ་ཡོངས་ཀྱི་རྩྭ་ཐང་གི་སྐྱེ་ཁམས་དུས་རབས་འདིའི་དུས་འགོའི“སྤྱི་ཡོངས་སྡུག་ཏུ་ཕྱིན་པ”ནས“སྤྱི་ཡོངས་ལེགས་སུ་ཕྱིན་པའི”བར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་རྒྱལ་གྱིས་རྩྭ་ཐང་སླར་གསོ་བཅོས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། “བྱང་གསུམ”དང“གཙོ་གལ་གཉིས”སོགས་གཙོ་གནད་ལས་གྲྭ་ལག་ལེན་བསྟར་རྒྱུ་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩིས་ནས་རྩྭ་ཐང་སླར་གསོ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བས། རྩྭ་ཐང་ཞན་འགྱུར་གྱི་རྒྱ་ཁྱོན་མུའུ་དུང་ཕྱུར་2.8ཙམ་ཆུང་དུ་ཕྱིན་ནས་ལོར་ཆ་སྙོམས་རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་འགོག་བཅོས་བྱེད་ཚད་མུའུ་དུང་ཕྱུར་ལས་བརྒལ་ཏེ། རྒྱལ་ཡོངས་ཀྱི་རྩྭ་ཐང་སྐྱེ་ཁམས་བརྟན་ཐོག་ཡར་འཕེལ་བྱུང་ནས་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་50%ཡན་རྒྱུན་འཁྱོངས་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།