དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་བརྗོད་དོན།

    ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་ཉིད་ཀྲུང་གོའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་ཡུལ་གལ་ཆེན་ཞིག་ཏུ་གྱུར་པའི་ཡིད་ཆེས་ཡོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-12-26

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་བརྗོད་དོན། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་ཉིད་ཀྲུང་གོའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་ཡུལ་གལ་ཆེན་ཞིག་ཏུ་གྱུར་པའི་ཡིད་ཆེས་ཡོད། ཀྲུང་གོའི་སྒོ་མོ་འབྱེད་རྒྱ་སྔར་བས་ཇེ་ཆེར་དང་འཕེལ་རྒྱས་ཀྱི་གོ་སྐབས་ཇེ་མང་དུ་ཕྱིན་ནས་གོ་ལ་ཧྲིལ་པོའི་ཐུན་མོང་དར་རྒྱས་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་གསར་པ་རྒྱུན་ཆད་མེད་པར་བསྣན་རྒྱུ་རེད།

    “1988ལོར་ཧའེ་ནན་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་པ་ནས་མི་རིང་བའི་གོང་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་གླིང་ཕྲན་ཡོངས་ཁྲལ་སྡོམ་འཁོར་སྐྱོད་བྱེད་པའི་བར། ཧའེ་ནན་གྱིས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་ཐོག་བག་ཆགས་ཟབ་མོ་བཞག་ཡོད། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པར‘ཚད་གཞི་མཐོ་པོས་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་འཛུགས་རྒྱུ’དེ‘ལོ་ལྔ་ཚན་བཅོ་ལྔ་པའི’འཆར་འགོད་གྲོས་འགོའི་ནང་བཅུག་པས། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་ཉིད་ཀྲུང་གོའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་ཡུལ་གལ་ཆེན་ཞིག་ཏུ་གྱུར་ངེས་ཡིན་པར་ཡིད་ཆེས་ཡོད”ཅེས་ལིན་ཅན་གྱིས་འབྲེལ་ཡོད་དྲི་བར་ལན་འདེབས་སྐབས་འདི་ལྟར་བརྗོད།

    ལིན་ཅན་གྱིས་བརྗོད་དོན། འཛམ་གླིང་དཔལ་འབྱོར་བརྟན་པོ་མེད་པའི་རང་བཞིན་ཆེ་རུ་འགྲོ་བར་དམིགས་ཏེ། ཀྲུང་གོས་བྱ་སྤྱོད་དངོས་ལ་བརྟེན་ནས་སྒོ་དབྱེའི་དམ་བཅའ་ལག་ལེན་བསྟར་བ་དང་། ཆོད་སེམས་བརྟན་པོ་བཅངས་ནས་སྲུང་སྐྱོང་རིང་ལུགས་སླར་ཐོན་ལ་་རྒོལ་ལན་བསློགས་ཏེ་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་པར་སྐུལ་འདེད་གཏོང་གི་ཡོད། ཀྲུང་གོས་ཕྱི་རྒྱལ་གྱི་མ་དངུལ་ཆོག་འཐུས་བཀག་རྒྱའི་གསལ་ཐོ་ཉུང་དུ་བཏང་བ་དང་། བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་ཀྱི་ཕྱི་རྒྱལ་གྱི་མ་དངུལ་ཆོག་འཐུས་ཚོད་འཛིན་བྱེད་ཐབས་ཚང་མ་མེད་པར་བཟོས་པ། ཕྱི་འབྲེལ་བཙུགས་པའི་དར་རྒྱས་འགོར་ཤོས་ཀྱི་རྒྱལ་ཁབ་ཚང་མར་དཔྱ་ཁྲལ་རྣམ་གྲངས་100%ཡི་ཐོན་རྫས་ལ་སྒོ་ཁྲལ་མེད་པའི་ཐོབ་ཐང་སྤྲད་པ། རྒྱལ་མཚམས་ནང་འཛུལ་བ་དང་རྒྱལ་མཚམས་སྒྲོལ་བར་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ལེགས་སུ་བཏང་ཡོད། ད་ལོའི་ཟླ་བ་དང་པོ་ནས་བཅུ་གཅིག་བར། ཀྲུང་གོས་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་ཁྲི་6ལྷག་ཙམ་གསར་དུ་བཙུགས་པ་དེ་དུས་མཚུངས་ལས་16.9%འཕར་བ་དང་། དངོས་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་41ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་3.6%འཕར་ཡོད། ཀྲུང་གོའི་ཕྱི་ཕྱོགས་སྒོ་དབྱེའི་ཁྱབ་རྒྱ་དང་། ཟབ་ཚད། ཁྲོམ་རའི་ཡིད་དབང་འཕྲོག་ཤུགས་བཅས་མུ་མཐུད་ཆེ་རུ་ཕྱིན་ནས་ཕྱི་ཕྱོགས་ཚོང་དོན་གྱི་མཉེན་ཆ་དང་གསོན་ཤུགས་རྒྱུན་མཐུད་མངོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།