ཀྲེང་ཧོ་ནུབ་གླིང་དུ་བསྐྱོད་ནས་ལོ་ངོ་620འཁོར་བར་དྲན་གསོ་ཞུ་བའི་པར་རིས་འགྲེམས་སྟོན་ཁེན་ནི་ཡར་འགོ་ཚུགས་པ།
ཀྲེང་ཧོ་ནུབ་གླིང་དུ་བསྐྱོད་ནས་ལོ་620འཁོར་བ་དང་ཀྲུང་གོ་དང་ཁེན་ནི་ཡ་དབར་ཕྱི་འབྲེལ་བཙུགས་ནས་ལོ་62འཁོར་བར་དྲན་གསོ་ཞུ་བའི་པར་རིས་འགྲེམས་སྟོན་ཉེ་ཆར་ཁེན་ནི་ཡའི་ནེ་རོ་པི་རྒྱལ་ཁབ་རྟེན་མཛོད་ཁང་དུ་འགོ་ཚུགས་པ་རེད། འགྲེམས་སྟོན་དེ་ཤར་རྒྱུད་ཨ་ཧྥེ་རི་ཁའི་ཀྲུང་གོའི་སྤྱི་ཁྱབ་ཚོང་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་ཁེན་ནི་ཡའི་ཕྱིར་སྡོད་རང་མིའི་ཚོགས་པས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་ཞིག་རེད།
ད་ཐེངས་ཀྱི་འགྲེམས་སྟོན་དེ“དར་གོས་ལམ་བུའི་ལེའུ་གསར་པ། ལས་དབང་གཅིག་ཏུ་སྦྲེལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་རྩ་ཆེའི་ལོ་རྒྱུས་པར་རིས་དང་ཚད་ལྡན་ཡིག་ཆའི་དཔྱད་གཞི་སྣ་ཚོགས་བརྒྱུད་ཀྲེང་ཧོ་གྲུ་གཟིངས་རུ་ཁག་གིས་ཨ་ཧྥེ་རི་ཁར་རྒྱང་སྐྱོད་བྱས་པའི་ལོ་རྒྱུས་ཀྱི་རྗེས་ཤུལ་དང་། ཀྲུང་གོ་དང་ཁེན་ནི་ཡ་དབར་ཕྱི་འབྲེལ་བཙུགས་ཚུན་གྱི་མཉམ་ལས་ཀྱི་གྲུབ་འབྲས་གལ་ཆེན་དང་དེ་བཞིན་རྒྱལ་ཁབ་གཉིས་པོས་དཔལ་འབྱོར་ཚོང་དོན་དང་རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཐད་མཉམ་འགུལ་གཏིང་ཟབ་བྱས་པ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།