“ངོ་མཚར་ཆེ་བའི་ཀྲུང་ཧྭ། རིག་གནས་དར་བའི་བོད་ལྗོངས”ཞེས་པའི་རྒྱལ་སྤྱིའི་པར་རིས་སྐོར་སྐྱོད་འགྲེམས་སྟོན་ཆུང་ངུ་ལྷོ་ཨ་ཧྥེ་རི་ཁར་གཉེར་བ།
“ངོ་མཚར་ཆེ་བའི་ཀྲུང་ཧྭ། རིག་གནས་དར་བའི་བོད་ལྗོངས”ཞེས་པའི་རྒྱལ་སྤྱིའི་པར་རིས་སྐོར་སྐྱོད་འགྲེམས་སྟོན་ཆུང་ངུ་ཚེས་23ཉིན་ལྷོ་ཨ་ཧྥེ་རི་ཁའི་གཡོད་ཧན་ནེ་སི་པའོ་རུ་འགོ་ཚུགས་ཤིང་། ད་ཐེངས་ཀྱི་འགྲེམས་སྟོན་ནི་ཀྲུང་གོ་ཕྱི་ཡིག་ཅུས་ཡོ་རོབ་ནུབ་མ་དང་ཨ་ཧྥེ་རི་ཁ་ཁྱབ་སྤེལ་ལྟེ་གནས(《དེང་གི་ཀྲུང་གོ》དུས་དེབ་ཁང)དང་བོད་ལྗོངས་རྒྱལ་སྤྱིའི་ཁྱབ་སྤེལ་ལྟེ་གནས་ཀྱིས་མཉམ་འབྲེལ་ཐོག་གཉེར་བ་ཞིག་ཡིན་པ་དང་། གསོན་ཉམས་དོད་པའི་པར་རིས་30ལྷག་ཙམ་གྱིས་བོད་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། ལྗང་མདོག་ནུས་རྒྱུ་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་། རིག་གནས་ཤུལ་བཞག་སྲུང་སྐྱོང་སོགས་ཐད་ཐོབ་པའི་གྲུབ་འབྲས་མངོན་པར་བྱས་ཡོད།
གཡོད་ཧན་ནེ་སི་པའོ་སློབ་ཆེན་གྱི་སློབ་མ་ལཱ་པེ་ལེ·མོ་ནཱ་མཱ་ཡིས“པར་རིས་དེ་དག་ལས་བོད་ཀྱི་རང་བྱུང་གི་མཛེས་པ་དང་རིག་གནས་ཀྱི་མཛེས་པ་ཚོར་བྱུང་ལ། ལྷག་པར་དུ་ལྗང་མདོག་ནུས་རྒྱུའི་པར་རིས་ལས་བོད་ལྗོངས་ཀྱི་འཕེལ་རྒྱས་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པར་ཕུལ་བའི་ལེགས་སྐྱེས་ཚོར་ཐུབ་བྱུང”ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།