དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་བོད་སྨན་ཚད་ལྡན་ཅན་འཛུཊ་སྐྱོང་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-26

     མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་ཚད་ལྡན་ཅན་ལས་དོན་ཚོགས་འདུའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། ཞིང་ཆེན་ཡོངས་ཀྱི་བོད་སྨན་འཕེལ་རྒྱས་ཀྱི་ཁོར་ཡུག་རིམ་བཞིན་ལེགས་སུ་ཕྱིན་པ་དང་བོད་སྨན་ཚད་ལྡན་ཅན་གྱི་འཕེལ་རིམ་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་ནས། རྒྱལ་ཁབ་ཀྱི་ཚད་གཞིས་སྣེ་ཁྲིད་པ་དང་། ལས་རིགས་ཀྱི་ཚད་གཞིས་འདེགས་སྐྱོར་བྱེད་པ། ས་གནས་ཀྱི་ཚད་གཞི་ཞིབ་ཚགས་སུ་གཏོང་བ། ཚོགས་པའི་ཚད་གཞི་ཁ་གསབ་བྱེད་པ་བཅས་ཀྱི་མཐུན་སྦྱོར་གསབ་རེས་མ་ལག་གི་སྒྲོམ་གཞི་རགས་ཙམ་ཆགས་ཡོད་པ་རེད། མིག་སྔའི་བར། ཞིང་ཆེན་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་ཀྲུང་ལུགས་དང་བོད་ལུགས་གསོ་རིག་དང་འབྲེལ་བའི་ས་གནས་ཀྱི་ཚད་གཞི་ཁག་86བཟོས་ནས་ཁྱབ་བསྒྲགས་བྱས་པ་མ་ཟད། ད་དུང་ཀུན་གྱི་སྣེ་ཁྲིད་དེ་ཚོགས་པའི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞི་ཁག་28བཟོས་ནས་བོད་སྨན་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱས་ཡོད་པ་རེད།

    རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱི་མཛུབ་ཁྲིད་དང་སྤུན་ཟླའི་ཞིང་ཆེན་ཁག་གི་རྒྱབ་སྐྱོར་འོག ཞིང་ཆེན་ནང་ཁུལ་གྱི་ཚན་རྩལ་དང་། ཞིང་ལས་གྲོང་གསེབ། ནགས་ལས་རྩྭ་ཐང་། ཁྲོམ་ར་ལྟ་འདོམས། སྨན་རྫས་ལྟ་འདོམས། འཕྲོད་བསྟེན་བདེ་སྲུང་། སྨན་བཅོས་འགན་བཅོལ་སོགས་སྡེ་ཚན་མང་པོས་མཐུན་སྦྱོར་མཉམ་འགུལ་བྱས་པ་དང་། སྲིད་ཇུས་ཀྱིས་མཐུན་རྐྱེན་སྦྱོར་བ་དང་། ལས་སྟེགས་འཛུགས་པ། སྟོབས་ཤུགས་གཅིག་སྡུད་བཅས་བྱས་པ་བརྒྱུད། བོད་སྨན་གྱི་ཐོན་ཁུངས་སྲུང་སྐྱོང་དང་། ཚད་གཞི་གཏན་འབེབས་དང་ལྟ་འདོམས། ཐོན་ལས་སྤུས་ཚད་ཚད་ལྡན་དུ་གཏོང་བ་སོགས་ཀྱི་ཐད་ལ་མཉམ་དུ་ཤུགས་བརྒྱབ་སྟེ། བོད་སྨན་ཚད་ལྡན་ཅན་གྱི་ལས་དོན“ཁ་ཐོར་འཚོལ་ཞིབ”ནས“བརྒྱུད་རིམ་ལྡན་པའི་སྐུལ་འདེད”ཀྱི་དུས་རིམ་གསར་པར་སྐུལ་འདེད་བཏང་བས། ལས་དོན་ཁག་ལ་ཕྱོགས་མང་པོ་ནས་ཚད་བརྒལ་བྱུང་ཡོད། སྲིད་ཇུས་ཀྱི་ངོས་ནས། ཞིང་ཆེན་ཡོངས་ཀྱིས《མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་གསོ་རིག་གི་སྲོལ་ཡིག》དང《མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ཀྲུང་ལུགས་དང་བོད་སྨན་གྱི་འཕེལ་རྒྱས་འཆར་འགོད》སོགས་བཏོན་ནས། ཚད་ལྡན་ཅན་གྱི་བླང་བྱ་དེ་ནད་ཐོག་ཞབས་ཞུ་དང་ཐོན་ལས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཡོད་པ་དང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་དང་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་གཉིས་ཀྱིས་བོད་སྨན་འཕེལ་རྒྱས་གཏོང་བའི་ས་གནས་ཀྱི་སྲོལ་ཡིག་མཉམ་དུ་བཏོན་ཡོད་པ་རེད།

    གྲུབ་འབྲས་སུ་བསྒྱུར་པའི་ངོས་ནས། རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་གི་ལེགས་ལྡན་ཆེད་ཚན་19དང་ཞིང་ཆེན་དང་རྫོང་གིས་མཉམ་དུ་བསྐྲུན་པའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་གཙོ་གནད་ཆེད་ཚན་33ལ་དམིགས་ནས་ཚད་ལྡན་ཅན་གྱི་སྨན་བཅོས་བྱས་ཏེ། རིགས་531གི་བོད(སོག)ལུགས་སྨན་སྦྱོར་3200དང་། མི་རིགས་གསོ་རིག་གི་སྨན་བཅོས་ཞབས་ཞུའི་རྣམ་གྲངས་564སྨན་བཅོས་འགན་བཅོལ་ནང་བཅུག་པ་དང་། སྨན་སྦྱོར་1784སྨན་བཅོས་སྒྲིག་གཞི་235ཡིས་སྨན་བཅོས་འགན་བཅོལ་ཁྱབ་ཁོངས་སུ་བཅུག་ནས་རྩིས་ཞུ་བྱེད་ཀྱི་ཡོད། གཞི་རིམ་གྱི་ཀྲུང་ལུགས་དང་བོད་ལུགས་སྨན་ཁང་ལ་བརྟེན་ནས་གཅིག་གྱུར་གྱི་ཞབས་ཞུའི་ཚད་གཞི་ཁྱབ་སྤེལ་གཏོང་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།