དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་མཚོ་ཤར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-26

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གི“ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་གྲུབ་འབྲས་ཀྱི་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་མཚོ་ཤར་གྲོང་ཁྱེར་གྱི་ཆེད་དོན་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་མཚོ་ཤར་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་མུ་མཐུད་གཏིང་ཟབ་ཏུ་བཏང་བར་མཉམ་སྡེབ་དང་མི་སྒེར་མང་པོ་ཞིག་ལ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཐོབ་ཡོད། གྲོང་ཁྱེར་ཡོངས་སུ་མི་རིགས་མང་པོ་འདུས་སྡོད་སྡེ་ཁུལ་18བསྐྲུན་པ་དང་མང་ཚོགས་ཁྲི་5.7ཁྱིམ་གཞིས་གསར་པའི་ནང་མཉམ་འདྲེས་བྱེད་པར་རམ་འདེགས་བྱས་པ་ལས་མི་རིགས་ཁག“མཉམ་འདྲེས་དང་གཟི་བརྗིད་མཉམ་མྱོང”གི་རྣམ་པ་ཟབ་མོ་མངོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། མི་རིགས་མང་པོ་འདུས་སྡོད་དང་། ཆོས་ལུགས་མང་པོ་མཉམ་གནས། རིག་གནས་མང་པོ་མཉམ་འདྲེས་བཅས་ཀྱི་དཔེ་མཚོན་ས་ཁུལ་ཞིག་ཡིན་པའི་མཚོ་ཤར་གྱིས་ཉེ་བའི་ལོ་ཤས་རིང་། མི་རིགས་ལས་དོན་དེ་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་བཞག་ནས་འཆར་འགོད་དང་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། 《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས་མཚོ་བོད་ས་མཐོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྱི་མཐོ་ས་གསར་པ་གཏོད་རྒྱུའི་སྐོར་གྱི་མཚོ་ཤར་གྲོང་ཁྱེར་གྱི་ལག་བསྟར་ཇུས་གཞི》སོགས་ཡིག་ཆ་རབ་དང་རིམ་པ་བཟོས་ནས་ལག་བསྟར་བྱས་པ་དང་། གྲོང་ཁྱེར་དང་། རྫོང་། ཤང་དང་གྲོང་རྡལ། གྲོང་ཚོ(སྡེ་ཁུལ)བཅས་རིམ་བཞི་མཉམ་གཏོད་ཀྱི་འགན་འཁྲིའི་མ་ལག་བཙུགས་པ་དང་། ཏང་སྲིད་ཀྱིས་གཙོ་ཁྲིད་དང་། སྡེ་ཚན་གྱིས་མཐུན་སྦྱོར། སྤྱི་ཚོགས་ཞུགས་པ་བཅས་གཞི་གཅིག་ཅན་གྱི་ལས་ཀའི་རྣམ་པ་ཆགས་པ་ལས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཁག་ཏུ་མཉམ་འདྲེས་ཐུབ་པའི་འགན་ལེན་བྱས་ཡོད།

    དེ་དང་ཆབས་ཅིག དྲིལ་བསྒྲགས་སློབ་གསོའི་རྣམ་པ་ཟམ་མི་ཆད་པར་གསར་གཏོད་དང་བརྟན་པོ་གཏོད་དེ། 《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་དྲིལ་བསྒྲགས་སློབ་གསོ་ཆེན་པོའི་ལས་དོན་གྱི་ལག་བསྟར་ཇུས་གཞི》བཟོས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་དང་ཏང་གི་མི་རིགས་ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་སྲིད་ཇུས་གཤམ་སྤེལ་གྱི“ཐེངས་བརྒྱ་མི་ཁྲིའི”དྲིལ་བསྒྲགས་ཆེན་པོ་དང་། “འགོ་ཁྲིད་གཙོ་བོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་སྐོར་གླེང་བ”དང“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་སྐོར་ཚང་མས་གླེང་བ”སོགས་སྤུས་རྟགས་བྱེད་སྒོ་གསར་གཏོད་ངང་སྤེལ་བ། དྲིལ་བསྒྲགས་སློབ་གསོ་ཁྱོན་ཡོངས་ལ་ཁྱབ་པར་སྐུལ་འདེད་བཏང་ཡོད། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་རྒྱ་ཁྱབ་ངང་སྤྱི་ཡོངས་ལ་ཁྱབ་གདལ་གཏིང་ཟབ་བཏང་བ་མ་ཟད། ལོ་ལྟར་མཚོ་ཤར་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གྱི་འགྲན་བསྡུར་ཆེན་མོའི་བྱེད་སྒོ་སྤེལ་གྱི་ཡོད།

    མཚོ་ཤར་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་དཔེ་སྟོན་ཚན་པ་5དང་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་དཔེ་སྟོན་ཚན་པ་30གྲུབ་འབྲས་ཐོབ་པའི་ངང་འཛུགས་གཏོད་བྱས་ཡོད། མཉམ་སྡེབ་1དང་མི་སྒེར་3ལ་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྲད་པའི“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང”གི་མཚན་སྙན་ཐོབ་ཡོད། མཉམ་སྡེབ་6དང་མི་སྒེར་7ལ་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི“ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན”གྱི་མཚན་སྙན་ཐོབ་ཡོད། དབུས་ཤར་ས་ཁུལ་གྱི་ཞིང་ཆེན་དང་གྲོང་ཁྱེར། རྫོང(ཆུས)དང་མཉམ་འགུལ་སྤེལ་རེས་ལས་དོན་གྱི་ལམ་སྲོལ་བཙུགས་པ་དང་། གྲོང་ཁྱེར་48དང《འཐེན་ཐུག་དཔལ་འབྱོར་གྱི་ལས་གཉེར་པ་མཉམ་དུ་དོ་དམ་བྱེད་པའི་སྒྲོམ་གཞིའི་གྲོས་མཐུན》བཞག་པ་རེད། མི་རིགས་ཁག་དབར་ཕན་ཚུན་བསྒར་རེས་རྣམ་པའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། མི་རིགས་མང་པོ་མཉམ་སྡོད་ཀྱི་སྡེ་ཁུལ་18སྐྲུན་པ་དང་མང་ཚོགས་ཁྲི་5.7ཁྱིམ་གཞིས་གསར་པར་མཉམ་འདྲེས་ཐུབ་པར་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།