ལྟད་མོ་ཆེ་བའི་འཁྲབ་སྟོན་ལས། ས་མཐོའི་འཕོ་འགྱུར་ཉམས་སུ་མྱོང་།

ཉེ་ཆར། བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙོ་གཉེར་བྱས་པའི“དགའ་སྤྲོ་མཉམ་འདུས”ལྗོངས་ཡོངས་ཀྱི་རྫོང(ཆུས)གི་སྒྱུ་རྩལ་ཚོགས་པའི་འཁྲབ་ཚན་ཐུང་གྲས་འགྲན་བསྡུར་ཆེན་པོ་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང(ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས)དུ་གཉེར་བ་རེད། ད་ཐེངས་ཀྱི་འཁྲབ་ཚན་ཐུང་གྲས་འགྲན་བསྡུར་ཆེན་པོར་ལྗོངས་ཡོངས་ཀྱི་རྫོང(ཆུས་དང་གྲོང་ཁྱེར)ཁག་གི་སྒྱུ་རྩལ་ཚོགས་པ་ཧུར་ཐག་ཞུགས་ཡོད། འགྲན་ཞུགས་བརྩམས་ཆོས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པ་དང་། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ། གྲོང་གསེབ་དར་རྒྱས། རིག་གནས་རྒྱུན་འཛིན། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སོགས་ཐད་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་གསོན་ཉམས་དོད་པོས་མཚོན་པར་བྱས་ལ། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་བདེ་སྡོད་ལས་བརྩོན་དང་མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་བྱེད་པའི་རྣམ་པ་དང་ཧུར་བརྩོན་ཡར་ཐོན་གྱི་དུས་རབས་ཀྱི་ཉམས་བཟང་མངོན་པར་བྱས་ཡོད། འདི་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྒྱུ་རྩལ་ཚོགས་པས་འཁྲབ་ཚན་ཐུང་གྲས《བྲག་ཡིབ་ཏུ་ཕེབས་པར་དགའ་བསུ་ཞུ》ཞེས་པ་འཁྲབ་བཞིན་པ།
འབྲེལ་ཡོད་གསར་འགྱུར།