དམངས་འཚོར་ཞབས་འདེགས་ཧུར་ཐག་ཞུས། ལས་གནས་རྩེ་གྲ་མཁོ་འདོན་བྱས།

ཉེ་ཆར། བོད་རང་སྐྱོང་ལྗོངས་ལས་ཞུགས་ཞབས་ཞུ་ལྟེ་གནས་ཀྱིས་ལྗོངས་ལས་ཞུགས་ཞབས་ཞུ་ལྟེ་གནས་ཤེས་ལྡན་པའི་ཐང་ཆེན་དུ“བོད་རང་སྐྱོང་ལྗོངས་ཀྱི་2025ལོའི་ཁེ་ལས་བརྒྱ་དང་ལས་གནས་སྟོང་གི་ཆེད་དོན་ལས་བསྡུའི་འདུ་ཚོགས་དང་དུས་ཐེངས་ཉེར་གསུམ་པའི་ལས་བསྡུའི་འདུ་ཚོགས་ཆུང་གྲས་རྩེ་གྲ”གཉེར་བ་རེད། ད་ཐེངས་ཀྱི་ལས་བསྡུའི་འདུ་ཚོགས་ལ་མི་སྤྱོད་ཚན་པ་རྩེ་གྲ་57མཉམ་དུ་འཛོམས་ནས་ལས་ཞུགས་ལས་གནས་ཁྱོན་676མཁོ་འདོན་བྱས་ཡོད། ལས་གནས་བཀོད་སྒྲིག་བྱེད་སྐབས་ཚོགས་སྤྱི་མི་འདྲ་བའི་དགོས་མཁོ་དང་འབྲེལ་མཐུད་གནད་སྨིན་བྱས་པ་དང་། དེའི་ནང་མཐོ་སློབ་སློབ་ཐོན་སློབ་མར་འཚམ་པའི་ལས་གནས་297དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣར་འཚམ་པའི་ལས་གནས་379ཡོད་པའི་ནང་ཡིག་མཁན་དང་། ནོར་དོན། དགེ་རྒན། ལག་རྩལ་བཟོ་པ་སོགས་ཁྱབ་ཁོངས་མང་པོ་དང་ལས་གནས་ཀྱི་རིགས་མང་པོ་ཚུད་ནས་ལས་ཀ་འཚོལ་མཁན་ལ་གདམ་ག་མང་པོ་མཁོ་འདོན་བྱས་ཡོད་པ་རེད། འདི་ནི་ལས་ཀ་འཚོལ་མཁན་གྱིས་མི་སྤྱོད་ཚན་པར་རང་ཉིད་འོས་སྦྱོར་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།