དབུ་ཤོག>གསར་འགྱུར།>དམངས་འཚོ།
  • “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་རང་ལྗོངས་ཀྱིས་དྲོད་རླངས་མཁོ་འདོན་རྣམ་གྲངས་ཁག་26ལག་བསྟར་བྱས་པ།

    ས་བབ་སྨི་5000ཡན་གྱི་ཤང་དང་གྲོང་རྡལ་གྱི་ཞིང་འབྲོག་ཁུལ་ཡོངས་ལ་དྲོད་རླངས་མཁོ་འདོན་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-26

     ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་རང་ལྗོངས་ཀྱིས་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་43.91རེ་ཞུ་བྱས་ནས་དྲོད་རླངས་མཁོ་འདོན་རྣམ་གྲངས་ཁག་26ལག་བསྟར་བྱས་ཏེ། “ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ལས་དྲོད་རླངས་མཁོ་འདོན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་758ཆེ་རུ་ཕྱིན་པ་དང་མི་འབོར་ཁྲི་30ཙམ་ལ་ཁྱབ་ནས། ས་བབ་སྨི་5000ཡན་གྱི་ཤང་དང་གྲོང་རྡལ་གྱི་ཞིང་འབྲོག་ཁུལ་ཡོངས་ལ་དྲོད་རླངས་མཁོ་འདོན་ཐུབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་རང་ལྗོངས་ཀྱིས་རྫོང་གྲོང་གི་གཅིག་སྡུད་དྲོད་རླངས་མཁོ་འདོན་རྣམ་གྲངས་ཁག་15ལག་བསྟར་བྱས་པར། སྤྱི་ཚོགས་ཀྱི་མ་དངུལ་སྒོར་དུང་ཕྱུར་37.75བཏང་བ་དང་། རྫོང(ཆུས)7གྱི་གྲོང་ཁུལ་གྱི་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་གྱི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ཚོད་ལྟའི་རྣམ་གྲངས་ལག་བསྟར་བྱས་པ། དྲོད་རླངས་མཁོ་འདོན་གྱི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་622.41གསར་སྐྲུན་དང་སྒྱུར་བཀོད་བྱས་པ། ལས་བྱེད་པ་དང་མང་ཚོགས་ཁྲི་20ལ་ཕན་པ་ཐོབ་ཡོད།

    དེ་དང་ཆབས་ཅིག་ཤང་གྲོང་དང་ཞིང་འབྲོག་ཁུལ་དུ་གཅིག་སྡུད་དྲོད་རླངས་མཁོ་འདོན་རྣམ་གྲངས་11ལག་བསྟར་བྱས་ཤིང་། ཐབས་ལམ་མང་པོ་སྤྱད་ནས་མ་དངུལ་སྒོར་ཁྲི་3949.46གྲབས་གསོག་བྱས་ཏེ་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་གི་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་དང་། མཚོ་གཉིས་རྫོང་དང་ཉི་མ་རྫོང་སོགས་ཀྱི་ཞིང་འབྲོག་དུད་ཚང་1553ལ་དྲོད་རླངས་མཁོ་འདོན་རྣམ་གྲངས་ལག་བསྟར་བྱས་ཡོད།

    རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གི་འབྲེལ་ཡོད་འགན་འཁུར་བས“གོམ་སྟབས་རྗེས་མར་རང་ལྗོངས་ཀྱིས་ཁྲིམས་བཟོ་བར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཚོད་ལྟའི་ཉམས་མྱོང་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱེད་པ། འཛུགས་སྐྲུན་མ་དངུལ་བརྩོན་ལེན་ཧུར་ཐག་བཅས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་དེ་ཚོད་ལྟ་བྱེད་པ་ནས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་བར་རམ་འདེགས་བྱ་རྒྱུ་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།