དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “2025ལོའི་ཨུ་ཟ་བྷེ་ཁི་སི་ཐན་དང་ཀྲུང་གོའི་ཡུལ་སྐོར་ལོའི”མཇུག་འགྲིལ་མཛད་སྒོ་པེ་ཅིང་དུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-12-25

    ཚེས་22ཉིན“2025ལོའི་ཨུ་ཟ་བྷེ་ཁི་སི་ཐན་དང་ཀྲུང་གོའི་ཡུལ་སྐོར་ལོའི”མཇུག་འགྲིལ་མཛད་སྒོ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གོའི་རིག་གནས་དང་ཡུལ་སྐོར་པུའི་པུའུ་ཀྲང་གཞོན་པ་ཀའོ་ཀྲེང་དང་ཀྲུང་གོར་བཅའ་སྡོད་ཨུ་ཟ་བྷེ་ཁི་སི་ཐན་གྱི་གཞུང་ཚབ་ཆེ་མོ་བ་ཨར་ཅི་ཡེ་ཕུའུ་སོགས་མི་400ལྷག་ཙམ་མཛད་སྒོར་ཞུགས་ཡོད་པ་རེད།

    ཀའོ་ཀྲེང་གིས། རིག་གནས་སྤེལ་རེས་དང་ཡུལ་སྐོར་མཉམ་ལས་ནི་ཀྲུང་ཨུའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཨུ་ཟ་བྷེ་ཁི་སི་ཐན་ནི་ཨེ་ཤེ་ཡ་དབུས་མའི་ས་ཁུལ་དུ་ཀྲུང་གོའི་སྤྱི་དམངས་ཚོགས་སྒྲིག་གིས་ཡུལ་སྐོར་དུ་འགྲོ་ས་ཐོག་མ་དེ་ཡིན། ཀྲུང་ཨུ་ཕྱོགས་གཉིས་ཀྱིས་མཉམ་ལས་དམ་ཟབ་བྱས་ནས་རྒྱལ་ཁབ་གཉིས་པོའི་ཡུལ་སྐོར་མཉམ་ལས་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་ཟ་བྷེ་ཁི་སི་ཐན་དང་མཉམ་དུ་ཡུལ་སྐོར་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་མུ་མཐུད་ཟབ་ཏུ་གཏོང་བ་དང་། ལས་རིགས་མཉམ་འགུལ་གྱི་ལས་སྟེགས་སྔར་བས་འཛུགས་པ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ། ཡུལ་སྐོར་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་དེ་བས་རིག་ནུས་དང་། མཛའ་མཐུན། སྟབས་བདེ་བཅས་ཀྱི་ཡུལ་སྐོར་ཁོར་ཡུག་གཏོད་འདོད་ཡོད་ཅེས་བརྗོད་པ་རེད།

    ཨར་ཅི་ཡེ་ཕུའུ་ཡིས། ད་ལོ་ཨུ་ཟ་བྷེ་ཁི་སི་ཐན་དུ་ཀྲུང་གོའི་ཡུལ་སྐོར་བའི་གྲངས་འབོར་རྒྱུན་མཐུད་འཕར་ནས་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་དབར་ཕན་ཚུན་ཤེས་རྟོགས་དང་འབྲེལ་འདྲིས་བྱེད་པར་སྐུལ་འདེད་ནུས་ལྡན་ཐུབ་པ་མ་ཟད། ཨུ་ཀྲུང་མཉམ་ལས་དང་མཛའ་གྲོགས་ལ་སྒུལ་ཤུགས་གསར་པའང་བསྣན་ཡོད། ད་ལོའི་ཟླ་6ཚེས་1ཉིན་ནས་བཟུང་ཕན་ཚུན་ཐོངས་མཆན་མི་དགོས་པའི་སྲིད་ཇུས་བཏོན་པ་དང་བསྟུན་ཏེ་ཕྱོགས་གཉིས་དབར་གྱི་ཡུལ་སྐོར་བའི་མི་གྲངས་མུ་མཐུད་མང་དུ་སོང་ཡོད། ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་རོགས་ཟླ་དང་2026ལོའི་ཡུལ་སྐོར་མཉམ་ལས་ཐད་འཆར་འགོད་བྱས་ནས་ཡུལ་སྐོར་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་བས་རྒྱ་ཆེར་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་བརྟན་དུ་གཏོང་གི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།