ཧེ་ལུང་ཅང་ཞིང་ཆེན་ནས་རྒྱལ་ཐོན་རླངས་འཁོར་གྱི་ལྷུ་ལག་བླུགས་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐོག་མ་དེ་བཏང་བ།

ཉེ་ཆར་ཧེ་ལུང་ཅང་ཧར་པིན་རྒྱལ་སྤྱིའི་དོས་སྒམ་ལྟེ་གནས་ས་ཚིགས་སུ་དོས་སྒམ་ཚོ་ཆུང་55བསྒྲིགས་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཞིག་ལ་རྒྱལ་ཐོན་རླངས་འཁོར་གྱི་ལྷུ་ལག་བྱུར་བུར་བླུགས་ཏེ་ཐོན་རྩིས་བྱེད་བཞིན་ཡོད་པ་དང་། དུས་གཏན་མེ་འཁོར་དེ་མན་ཀྲོའུ་ལི་འགག་སྒོ་ནས་རྒྱལ་མཚམས་སྒྲོལ་རྗེས་ཐད་ཀར་ནུབ་ཕྱོགས་སུ་བཏང་སྟེ་ཡོ་རོབ་ལ་བསྐྱོད་རྒྱུ་ཡིན་པ་རེད། འདི་ནི་ཧེ་ལུང་ཅང་ཞིང་ཆེན་ནས་ཐོན་རྩིས་བྱེད་བཞིན་པའི་རྒྱལ་ཐོན་རླངས་འཁོར་གྱི་ལྷུ་ལག་བླུགས་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐོག་མ་དེ་ཡིན་པ།
འབྲེལ་ཡོད་གསར་འགྱུར།