དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་རྒན་རྒོན་གྱི་འཛད་སྤྱོད་འགྲོ་སོང་འཕར་མགྱོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-12-25

    ⇑ འདི་ནི་ནང་འདྲེན་འགྲེམས་ཚོགས་ཀྱི་སྨན་བཅོས་ཡོ་བྱད་དང་སྨན་རྫས་བདེ་སྲུང་འགྲེམས་ཁུལ་དུ་ལྟད་མོ་བ་ཞིག་གིས་དར་མ་དང་རྒན་རྒོན་གྱི་ཚོགས་སྤྱིར་འཚམ་པའི་གསོ་རླུང་གྲུ་ཚང་ཉམས་ལེན་བྱེད་བཞིན་པ།

    “དབུ་དཀར་དཔལ་འབྱོར”ནི་དེང་སྐབས་ཀྲུང་གོའི་འཛད་སྤྱོད་ཡུན་རིང་འཕར་བའི་སྒུལ་ཤུགས་ཀྱི་གྲས་ཤིག་ཡིན། ཨོའུ་རུའེ་རྒྱལ་སྤྱིའི་བློ་འདྲི་ཀུང་སིའི་གྲངས་གཞི་ལས་མངོན་པར། 2015ལོ་ནས་2025ལོའི་བར་ལོ་60དང་དེའི་ཡན་གྱི་མི་ཚོགས་ཀྱིས་གཙོ་བོར་བྱས་པའི་ཀྲུང་གོའི་ཁྱིམ་ཚང་འཛད་སྤྱོད་ཀྱི་འགྲོ་སོང་129%འཕར་ནས་མི་འབོར་སྤྱིའི་79%ཡི་འཕར་ཚད་ལས་ཆེས་ཆེར་བརྒལ་ཡོད།

    རྒན་རྒོན་འཛད་སྤྱོད་པར་ནམ་རྒྱུན་ལག་དངུལ་འདང་ངེས་ཡོད་ལ། ཁང་པའི་བུ་ལོན་གྱི་དཀའ་ངལ་ཡང་དེ་ཙམ་མེད་པ་མ་ཟད། ཡང་སྒོས་སུ་རྒན་རྒོན་ཕལ་ཆེ་བར་ད་དུང་གཏན་འཇགས་ཀྱི་རྒན་གསོའི་དངུལ་ཡང་ལེན་རྒྱུ་ཡོད། ཀྲུང་གོ་སྲིད་གཞུང་གིས་ནང་མཁོ་དར་འཕེལ་ལ་དོ་ཁུར་བྱེད་ཀྱི་ཡོད་པས་རྒན་རྒོན་རྣམས་འགྲོ་སོང་བརྟན་པོ་འཕར་བའི་འཛད་སྤྱོད་ཚོགས་སྤྱིར་འགྱུར་སྲིད་པ་ཞིག་རེད།

    རྒན་རྒོན་འཛད་སྤྱོད་པའི་དགོས་མཁོ་ནི་གཞི་རྩའི་འཚོ་བའི་དངོས་ཟོག་ཁོ་ན་ཙམ་མིན། ལས་རིགས་ཁག་གཅིག་གི་སྙན་ཞུ་ལས་མངོན་པར། ཀྲུང་གོའི་རྒན་རྒོན་གྱིས་འཚོ་བཅུད་ལྡན་པའི་བཟའ་བཅའ་དང་། བདེ་སྲུང་ཐོན་རྫས། སྨན་བཅོས་ཞབས་ཞུ། ཡུལ་སྐོར་བཅས་དང་དེ་བཞིན་དེ་དག་གི་དགོས་མཁོ་དང་འཚམ་པའི“རིག་ནུས”ཚན་རྩལ་ཐོན་རྫས་ཀྱི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད། ཁེ་ལས་ཀྱིས་ཀྱང་འཕེལ་ཕྱོགས་དེར་བསྟུན་བཞིན་ཡོད། སྲོལ་རྒྱུན་རྒྱན་ཆའི་ཁེ་ལས་ཀྱིས་གཅིག་རྗེས་གཉིས་མཐུད་ངང“དབུ་དཀར་ཚན་རྩལ”གྱི་སྤུས་རྟགས་གཟུགས་བརྙན་གཏོད་འགོ་ཚུགས་པ་དང་། རིག་ནུས་ལག་ཐོགས་ཁ་པར་བཟོ་མཁན་ཚོང་པས་ཐོན་རྫས་ལ་རྒན་རྒོན་གྱིས་སྤྱོད་པར་རྒྱབ་སྐྱོར་བྱེད་པའི་བྱེད་ནུས་མང་དུ་བཏང་ཡོད།

    —— 《ཨོ་སི་ཁྲུ་ལི་ཡ་བའི་ཚགས་པར》དྲ་ཚིགས་ནས་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།