དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བཅུ་གཅིག་པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཁག་31754ཞིབ་བཤེར་ཐག་གཅོད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-12-25

    ཚེས་22ཉིན། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་གྱི་དྲ་ཚིགས་ཐོག་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཞིབ་བཤེར་ཐག་གཅོད་བྱས་ཚུལ་གྱི་ཟླ་རེའི་སྙན་ཞུའི་གྲངས་གཞི་ཁྱབ་བསྒྲགས་བྱས་ཤིང་། བརྡ་ཁྱབ་ནང་མངོན་པ་ལྟར་ན། ད་ལོའི་ཟླ་བཅུ་གཅིག་པར། རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཁག་31754ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་40306(ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་1དང་ས་གནས་དང་ཐིང་རིམ་པའི་ལས་བྱེད་པ་125ཚུད་པ)ལ་སྐྱོན་བརྗོད་སློབ་གསོ་བཏང་བ་དང་ཐག་གཅོད་བྱས་པ། མི་29184ལ་ཏང་གི་སྒྲིག་ཁྲིམས་ཀྱི་སྲིད་དོན་ཆད་པ་བཅད་ཡོད་པ་རེད།

    བརྡ་ཁྱབ་ལ་གཞིགས་ན། ད་ལོའི་ཟླ་བཅུ་གཅིག་པར། རྒྱལ་ཡོངས་སུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཁག་14902ལ་ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་19510ལ་སྐྱོན་བརྗོད་སློབ་གསོ་བཏང་བ་དང་ཐག་གཅོད་བྱས་ཤིང་། དེའི་ནང“འགན་འཁྲི་གཙང་སྒྲུབ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་ཐད་འགན་མི་འཁུར་བ་དང་། དགོས་པའི་ལས་མི་བྱེད་པར་མི་དགོས་ལས་རྙོག་བཟོ་བ། བྱས་རྗེས་འཇོག་ཁུལ་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་བ”བཅས་ཐད་ཀྱི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་བྱེད་མང་ཤོས་ཡིན་པ་དང་། དེ་འབྲེལ་གྱི་གྱོད་གཞི་ཁག་12538ཞིབ་བཤེར་ཐག་གཅོད་བྱས་པ་དང་མི་16437ལ་སྐྱོན་བརྗོད་སློབ་གསོ་བཏང་བ་དང་ཐག་གཅོད་བྱས་ཡོད་པ་རེད།

    བརྡ་ཁྱབ་ལ་གཞིགས་ན། ད་ལོའི་ཟླ་བཅུ་གཅིག་པར། རྒྱལ་ཡོངས་སུ་སྐྱིད་འདོད་རིང་ལུགས་དང་བག་མེད་ལོངས་སྤྱོད་ཀྱི་སྤྱོད་ཚུལ་ཐད་ཀྱི་གནད་དོན་ཁག་16852ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་20796ལ་སྐྱོན་བརྗོད་སློབ་གསོ་བཏང་བ་དང་ཐག་གཅོད་བྱས་པའི་ནང་། རྩ་ཆེའི་ཡུལ་ཟོག་ཐོན་རྫས་དང་། དེ་བཞིན་ལག་རྟགས་དང་འབུལ་རྟེན་སྒྲིག་འགལ་ངང་སྤྲོད་ལེན་བྱས་པའི་གནད་དོན་ཁག་9308དང་། སྒྲིག་ཁྲིམས་ལས་འགལ་ནས་ཕོགས་སྣོན་ཁ་གསབ་དང་ཕན་བདེའི་གྲོན་དངུལ་སྤྲད་པའི་གནད་དོན་ཁག་1981 སྒྲིག་ཁྲིམས་ལས་འགལ་ནས་བཟའ་བཏུང་བྱས་པའི་གནད་དོན་ཁག་3791བཅས་ལ་ཞིབ་བཤེར་ཐག་གཅོད་བྱས་པ་ཚུད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།