2026ལོའི་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་དྲན་རྟེན་གསེར་ཊམ་དངུལ་ཊམ་ཚེས་22ཉིན་ནས་བཀྲམ་པ།

ཟླ་12ཚེས་22ཉིན། ཀྲུང་གོ་མི་དམངས་དངུལ་ཁང་གིས་2026ལོའི་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་དྲན་རྟེན་གསེར་ཊམ་དངུལ་ཊམ་ཆ་ཚང་ཞིག་བཀྲམ་ཞིང་། དྲན་རྟེན་ཊམ་ཀ་མི་འདྲ་བ་གཉིས་ཡོད་པ་ལས་གཅིག་ནི་གསེར་ཊམ་དང་གཅིག་ཤོས་ནི་དངུལ་ཊམ་ཡིན་ཞིང་གཉིས་ཀ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་གཏན་འཁེལ་བའི་དངུལ་ལོར་ཡིན། དྲན་རྟེན་གསེར་ཊམ་དངུལ་ཊམ་ཆ་ཚང་དེའི་མདུན་ངོས་སུ་ཀྲུང་གོའི་སྲོལ་རྒྱུན་གྱི་བཀྲ་ཤིས་རྒྱན་རིས་ཡོད་པ་མ་ཟད། རྒྱལ་མིང་དང་ལོ་རྟགས་ཀྱང་བཀོད་ཡོད་པ་རེད། འདི་ནི་ཟླ་12ཚེས་22ཉིན་པར་བརྒྱབ་པའི་2026ལོའི་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་དྲན་རྟེན་གསེར་ཊམ་དངུལ་ཊམ་ཡིན་པ།
འབྲེལ་ཡོད་གསར་འགྱུར།