དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-12-25

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་23ཉིན་གསར་འགོད་པས་ཞིང་ལས་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱས་པར། 2025ལོར་ཞིང་ལས་གྲོང་གསེབ་པུའུ་ཡིས་ཞབས་ཞུའི་རྣམ་པ་རྒྱུན་མཐུད་གསར་གཏོད་དང་ཞབས་ཞུའི་ཁྱབ་ཁོངས་རྒྱ་སྐྱེད་བཏང་སྟེ། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་རིམ་འཇུག་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད།

    ཞིང་ལས་གྲོང་གསེབ་པུའུ་ཡིས་ཞབས་ཞུའི་བྱེད་པོ་སྣ་ཚོགས་གསོ་སྐྱོང་ཧུར་ཐག་བྱས་པ་ལས་བྱེད་པོ་སྣ་མང་དང་། རྣམ་པ་མང་བ། ཞབས་ཞུ་ཆེད་ལས། འགྲན་རྩོད་མང་བ་བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་གྲུབ་ཡོད། མིག་སྔར་རང་རྒྱལ་དུ་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་གཉེར་སྐྱོང་རང་བཞིན་གྱི་བྱེད་པོའི་ཁྲོད་དུ་ཞབས་ཞུའི་ཆེད་ལས་དུད་ཚང(ཕྱི་ཕྱོགས་ལ་ཞབས་འདེགས་ཞུ་མཁན་ཁྱིམ་ཚང་ཞིང་ར་ཚུད་པ)ཁྲི་60.3དང་། ཞིང་པའི་མཉམ་ལས་ཁང་ཁྲི་35 ཞིང་ལས་ཞབས་ཞུའི་ཀུང་སི་ཁྲི་4.5 གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཁྲི་7.9བཅས་ཡོད་པ་རེད། ཞབས་ཞུའི་བྱེད་པོ་ཁག་གིས་ཐོན་ལས་འཁོར་འབྲེལ་གྱི་ལྷུ་ཚིགས་ཁག་ཏུ་ལས་བགོས་མཉམ་ལས་དང་ལེགས་ཆ་གསབ་རེས་བྱས་ཏེ་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་ཕན་ཆེའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།