དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ཀླུ་འདམ་རར“འཛམ་གླིང་ས་བབ་མཐོ་ཤོས་ཀྱི་གྲོང་ཁྱེར་གྱི་རང་བྱུང་འདམ་རའི”མཚན་སྙན་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-25

    ཟླ་12ཚེས་20ཉིན་ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་WRCA(འཛམ་གླིང་ཟིན་ཐོའི་ཁས་ལེན་དཔང་འདོན་སྒྲིག་གཞི)ཡི་ཁས་ལེན་དཔང་འདོན་བྱས་པ་བརྒྱུད། “འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་གྲོང་ཁྱེར་གྱི་རང་བྱུང་འདམ་རའི”མཚན་སྙན་ཐོབ་ཡོད།

    བོད་ཀྱི“རྒྱལ་སྤྱིའི་འདམ་རའི་གྲོང་ཁྱེར”གྱི་ལྷ་སའི་སྐྱེ་ཁམས་སྲུང་བཅད་གཙོ་བོ་ཐོག་མ་ཡིན་པའི་ངོས་ནས་རྒྱལ་ཁབ་ཀྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་8.5བཏང་ནས་ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ལ་དུས་ཐེངས་དང་པོ་ནས་བཞི་པའི་བར་གྱི་སྲུང་སྐྱོང་ལས་དོན་སྤེལ་བ་ལས། དེའི་སྐྱེ་དངོས་སྣ་མང་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་སྐྱེ་ཁམས་ནུས་པ་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། གོམ་སྟབས་རྗེས་མར་ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་གཞི་གཅིག་ཅན་གྱི་སྲུང་སྐྱོང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས། སྐྱེ་ཁམས་སྲུང་སྐྱོང་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ་སའི་གོ་ལའི་ཚེ་སྲོག་གཅིག་མཐུན་ཚོགས་པ་བསྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།