དབུ་ཤོག
  • ནམ་དུས་འདིར་དྲོ་ཇུས་བྱེད་པ་ཕུད། འདི་དག་མཆོད་ན་ལུས་ཟུངས་གསོ་ཐུབ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2025-12-24

    དགུན་དུས་ལུས་ཟུངས་གསོ་བར་དྲོ་ཇུས་བྱེད་པ་ཕུད། ད་དུང་གང་དང་གང་ལ་དོ་སྣང་བྱེད་དགོས་ཤེ་ན། གཤམ་ལ་ང་ཚོ་དང་མཉམ་དུ་དགུན་དུས་ལུས་ཟུངས་གསོ་བའི་རྒྱུན་ཤེས་འགར་ཤེས་རྟོགས་གནང་དང་།

    དགུན་དུས་སེ་འབྲུ་དང་། ལི། རྒུན་འབྲུམ་མང་ཙམ་མཆོད་དགོས། གང་ཡིན་ཟེར་ན། ཤིང་ཏོག་འདི་རིགས་ལ་སྐོམ་པ་སེལ་བ་དང་གློ་འཇགས་པའི་ཕན་ནུས་ཡོད་པས། འདི་དག་ནི་དགུན་ཁ་གློ་བ་གསོ་བའི་ཤིང་འབྲས་ཡག་ཤོས་རེད།

    རྒྱ་ཁོག་བཟས་རྗེས་ཞོ་ལྡག་ཚེ། ཕོ་རྒྱུའི་འབྱར་སྐྱིར་སྲུང་སྐྱོབ་ནུས་ལྡན་ཐུབ་སྟེ། ཞག་ཚི་ཆེ་དྲགས་པ་དང་རྐྱེན་གཞན་དག་ལས་ཁོག་པ་བཤལ་བ་དང་ཕོ་བ་ན་བ་སོགས་སྔོན་འགོག་ཡག་པོ་བྱེད་ཐུབ།

    དགུན་དུས་སུ་ཁྲག་ཚིལ་གཅོག་པའི་ཟས་རིགས་འོས་འཚམ་ཟ་དགོས། དཔེར་ན་ཁུའུ་ཀྭ་དང་། མ་རྨོས་ལོ་ཏོག བྲ་བོ། མོག་རོ་ནག་པོ་སོགས་མང་ཙམ་ཟ་དགོས།

    དགུན་དུས་ལུས་ཟུངས་གསོ་བའི་ཐབས་ཤེས་བཟང་ཤོས་ནི་ལུས་སྦྱོང་བྱེད་རྒྱུ་དེ་ཡིན་པས། རྒྱུན་དུ་རྒྱུག་ཤར་གློད་པ་དང་། ཞབས་བྲོ་འཁྲབ་པ། འཁྱག་ཤུར་གློད་པ། སྤོ་ལོ་རྒྱག་པ་སོགས་ལུས་སྦྱོང་མང་ཙམ་བྱས་ན། གཟུགས་པོ་བདེ་རུ་འགྲོ་སྲིད་ལ། སེམས་པའང་རང་བཞིན་གྱིས་སྐྱིད་དུ་འགྲོ་སྲིད།

    དེ་མིན་དགུན་དུས་ལོ་སྒོར་པད་ཚལ་མང་ཙམ་ཟ་དགོས་ཏེ། དེར་འཚོ་བཅུད་Cའདུས་ཚད་ཀྲོ་མ་ཀྲུ་ལས་ལྡབ་3.5ཡི་མང་བ་ཡོད་པས། མང་ཙམ་བཟས་ན་ནད་འགོག་གི་ནུས་པ་ཇེ་ཆེར་གཏོང་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།