དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • བོད་ལྗོངས་དིང་རིའི་གེགས་རྗེས་བསྐྱར་སྐྲུན་གྱི་ཁང་པ་ཚང་མ་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-24

    འདི་ནི་2025ལོའི་ཟླ་12ཚེས་11ཉིན། བོད་ལྗོངས་དིང་རི་རྫོང་གྲམ་མཚོ་ཤང་དགུ་རུམ་གྲོང་ཚོའི་བོད་བཟོའི་ཁང་པ་གསར་པ་ཡིན་པ།

    འདི་ནི་2025ལོའི་ཟླ་12ཚེས་11ཉིན། བོད་ལྗོངས་དིང་རི་རྫོང་གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོར་སྒོ་རྩིས་ཚོང་ཁང་གི་སྦྱིན་བདག་ཧོང་ཏའེ་ཁེ་ཡིས་སྔོ་ཚལ་སྒྲིག་བཞིན་པ།

    དགུན་ཁ་ཤར་རྗེས་བོད་ལྗོངས་དིང་རིའི་ས་ཡོམ་གེགས་ཁུལ་བསྐྱར་སྐྲུན་དང་ཉམས་བཟོའི་ཁང་པ་ཚང་མ་རྩིས་སྤྲད་དེ་སྤྱོད་འགོ་ཚུགས་པ་དང་གནོད་འཚེ་ཕོག་པའི་མང་ཚོགས་རྣམས་སྔ་རྗེས་སུ་སྡོད་ཁང་གསར་པར་སྤོས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཁང་པ་བསྐྱར་སྐྲུན་གྱི་ལས་དོན་དེ་གཞིས་རྩེ་གྲོང་ཁྱེར་གྱི་རྫོང་7དང་། ཤང་དང་གྲོང་རྡལ་47 གྲོང་ཚོ་486བཅས་ལ་ཁྱབ་པ་དང་། དུད་ཚང་ཁྲི་2.2ཀྱི་ཁང་པ་བསྐྱར་སྐྲུན་བྱས་པ་དང་གྲོང་མིའི་ཁང་པ་ཁྲི་1.05ཉམས་བཟོ་བརྟན་གཏོང་བྱས་པ་རེད། མིག་སྔར། བསྐྱར་སྐྲུན་དང་ཉམས་བཟོ་ཚང་མ་ལས་མཇུག་འགྲིལ་ནས་རྩིས་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།