དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱི་དམངས་འཚོའི་རྣམ་གྲངས་བསྐྲུན་མགྱོགས་སུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-24

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་12ཚེས་1ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ནས་ཤེས་རྟོགས་བྱུང་བར། ད་ལོ་ཚུན་དུ་མཚོ་ཤར་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་དང་དམངས་འཚོའི་བདེ་རྩ་ལེགས་སུ་གཏོང་རྒྱུར་དམིགས་ཏེ་རྣམ་གྲངས་དོན་འཁྱོལ་ལ་གནད་སྨིན་ཤུགས་འདོན་ངང་སྐུལ་འདེད་བཏང་བར། ས་འོག་སྦུག་དྲ་སྒྱུར་བཀོད་དང་། ཆུ་འབུད་ཞོད་འགོག་བཅོས་སྐྱོང་། ཁུལ་ཆུང་རྙིང་པ་སྒྱུར་བཀོད། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་སོགས་གཙོ་གནད་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད།

    གྲོང་ཁྱེར་ས་འོག་སྦུག་དྲ་འཛུགས་སྐྲུན་ཁྱབ་ཁོངས་སུ། མཚོ་ཤར་གྲོང་ཁྱེར་གྱིས་འཛུགས་སྐྲུན་སྒྱུར་བཀོད་རྣམ་གྲངས་ཁག་247ཇུས་འགོད་བྱས་པའི་ནང་ཆུ་མཁོ་འདོན་དང་ཆུ་འབུད། སོལ་རླངས། གློག་ཤུགས་སོགས་ཁྱབ་ཁོངས་མང་པོ་ཚུད་པ་དང་། ས་ཁོངས་ཧྲིལ་པོར་ཁྱབ་པ་དང་ཚན་རིག་དང་མཐུན་ཞིང་ལུགས་མཐུན་གྱི་ས་འོག་སྦུག་དྲ་འཛུགས་སྐྲུན་མ་ལག་བཙུགས་ཡོད། དེའི་ནང་ད་ལོ་ལག་བསྟར་བྱས་པའི་རྣམ་གྲངས་ཁག་87གྱི་འཕེལ་རིམ་བདེ་བླག་བྱུང་བ་དང་རྣམ་གྲངས་ཁག་8ལ་རྒྱལ་ཁབ་ཀྱིས་ཞིབ་བཤེར་བྱས་པ་དང་འབྲེལ་མ་འཇོག་འཆར་གཞི་གཤམ་སྤྲོད་བྱས་ནས་རྣམ་གྲངས་མྱུར་དུ་བསྐྲུན་རྒྱུར་སྲིད་ཇུས་དང་མ་དངུལ་གྱི་འགན་ལེན་བརྟན་པོ་མཁོ་འདོན་བྱས་ཡོད། དུས་མཚུངས་སུ“གལ་ཆེན་གཉིས”འཛུགས་སྐྲུན་གྱི་ཆུ་འབུད་དང་ཞོད་སྐྱོན་སྔོན་འགོག་རྣམ་གྲངས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། ད་ལོ་ལག་བསྟར་བྱས་པའི་ལས་གྲྭ་4ཡི་མ་འཇོག་བསྡོམས་སྒོར་དུང་ཕྱུར་ཟིན་ཞིང་། མིག་སྔའི་བར། ལས་གྲྭ་1ལས་མཇུག་འགྲིལ་ནས་འཁོར་སྐྱོད་བྱེད་འགོ་ཚུགས་པ་དང་དེ་བྱིངས་ཀྱི་ལས་གྲྭ་ཁག་3འཛུགས་སྐྲུན་བྱེད་བཞིན་ཡོད། ཆུ་འབུད་སྦུག་དྲ་སྤྱི་ལེ་154.19འདིང་འགོ་ཚུགས་པ་དང་ལེགས་གྲུབ་94.1%ཟིན་པ་དང་སྔོན་དཔག་ལྟར་ན། ད་ལོའི་ལོ་མཇུག་གོང་ཕྱོགས་ཡོངས་ནས་ལས་གྲྭ་ལེགས་གྲུབ་ཟིན་ནས་འཁོར་སྐྱོད་ཐུབ་རྒྱུ་རེད། ད་ལོ་ཁག་གཉིས་པའི“གལ་ཆེན་གཉིས”འཛུགས་སྐྲུན་གྱི་ཆུ་འབུད་དང་ཞོད་སྐྱོན་སྔོན་འགོག་རྣམ་གྲངས་5བརྩོན་ལེན་ཧུར་ཐག་བྱས་ཏེ་མ་དངུལ་བསྡོམས་སྒོར་དུང་ཕྱུར་2.67བཏང་ཞིང་། མིག་སྔའི་བར། རྣམ་གྲངས་4བསྐྲུན་འགོ་བཙུགས་པ་དང་རྣམ་གྲངས་1ལ་ཨར་སྐྲུན་ཆོག་འཐུས་ལག་ཁྱེར་གཉེར་བཞིན་ཡོད་པ་རེད།

    དམངས་འཚོ་འགན་སྲུང་རྣམ་གྲངས་ཐད། མཚོ་ཤར་གྲོང་ཁྱེར་གྱིས་ཁུལ་ཆུང་རྙིང་པ་སྒྱུར་བཀོད་ལས་གྲྭ་ལག་བསྟར་བྱེད་འགོ་བཙུགས་ཡོད། ད་ལོ་གྲོང་ཁྱེར་དེ་ཡོངས་ཀྱིས་ཁུལ་ཆུང་རྙིང་པ་ཁག་12སྒྱུར་བཀོད་བྱེད་རྩིས་ཡོད་པ་དེ་དག་སྡོད་ཁང་སྟར་པ་17གྱི་སྡོད་ཁང་466དང་འབྲེལ་བ་ཡོད་ཅིང་། ཁང་པའི་ངོས་ཀྱི་ཆུ་འགོག་དང་། འགྲོ་ལམ་མཁྲེགས་འགྱུར། སྦུག་དྲ་སྒྱུར་བཀོད། བདེ་འཇགས་འགོག་སྲུང་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཚུད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།