བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་གྲུབ་འབྲས་གསར་པ་ཐོབ་པ།
ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དེ་ལས་དོན་ཁག་གི་གཙོ་རྐང་དང་འཐབ་ཇུས་རང་བཞིན་གྱི་ལས་འགན་ལ་བརྩིས་ཏེ། གཞི་རྟེན་གསར་གཏོད་དང་། རྣམ་པ་ཕུན་སུམ་ཚོགས་པ། དངོས་ཕན་དོན་གཉེར་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ཡོད།
མིག་སྔར་གྲོང་ཁྱེར་ཡོངས་སུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་བརྗོད་དོན་གཙོ་བོའི་རྫོང་རིམ་པའི་སློབ་གསོ་ཁང་11བཙུགས་པ་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་1དང་། དཔེ་སྟོན་རྫོང་3 དཔེ་སྟོན་ཚན་པ་5བཅས་དང་དེ་བཞིན་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཚན་པ་208གྲུབ་འབྲས་ཐོབ་པའི་ངང་འཛུགས་གཏོད་བྱས་ཡོད། གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས“རིམ་བཞི་མཉམ་གཏོད”ཀྱི་འགན་འཁྲིའི་མ་ལག་དང“རྒྱུད་གཅིག་ཁྱོན་བཞི་གནས་མང”གི་ལས་ཀའི་རྣམ་པ་གཞི་རྩའི་ཆ་ནས་གྲུབ་པ་དང་འབྲེལ་མུ་མཐུད་སྲ་བརྟན་དུ་བཏང་ཡོད།
“སྒར་རེས་རྣམ་པ་འཕེལ་རྒྱས་བཏང་བ་དང་། མྱུག་གསོ་རྨང་བརྟན་ལ་གསོན་ཤུགས་སྦྱིན་པ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ”བཅས་ཀྱི་བྱེད་ཐབས་ཁག་གསུམ་ལ་བརྟེན་ནས“འཆར་གཞི་ཁག་གསུམ”ལག་བསྟར་གཏིང་ཟབ་བྱས་ཡོད། རིམ་རྩིས་བརྒྱབ་ན། མ་དངུལ་སྒོར་ཁྲི་580བཏང་ནས་སྒར་རེས་རྣམ་པའི་སྡེ་ཁུལ་34འཕེལ་རྒྱས་བཏང་བ་དང་དཔེ་སྟོན་ཟ་ཁང་1བསྐྲུན་ནས་མང་ཚོགས་ཁྲི་1.96གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་ཁྲོད་ལས་ཞུགས་ཐུབ་པར་ཁྲིད་སྟོན་བྱས་པ། མང་ཚོགས་ཁྲི་0.4ལྗོངས་ཕྱིར་ལས་གཏོད་ཕྱུག་འགྱུར་བྱ་རྒྱུར་རོགས་རམ་བྱས་ཡོད། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་བྱེད་སྒོ་ཁག་314སྤེལ་བར་མང་ཚོཊ་མི་ཐེངས་15086ཞུགས་ནས་མི་རིགས་ཁག་མཉམ་གནས་མཉམ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་སྒྲུབ་མཉམ་སྤྲོ་བཅས་ཀྱི་སྤྱི་ཚོགས་ཁོར་ཡུག་དང་ལག་ལེན་གྱི་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རིམ་རྩིས་བརྒྱབ་ན། གྲངས་ཉུང་མི་རིགས་འཕེལ་རྒྱས་ཀྱི་མ་དངུལ་སྒོར་ཁྲི་66815.34རེ་ཞུ་བྱས་པ་དང་། གྲོང་གསེབ་དར་རྒྱས་ཀྱི་རྣམ་གྲངས་ཁག་166ལ་རྒྱབ་སྐྱོར་གནད་སྨིན་བྱས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཁག་སོ་སོར་2022ལོའི་སྒོར་44240དང་སྒོར་17130ནས་2024ལོའི་སྒོར་48242དང་19441བར་འཕར་ཡོད། དུད་ཚང་581གི་མི་གྲངས་3062དབུལ་ལོག་དབུལ་གྱུར་གྱི་ཉེན་ཁ་བསལ་ནས། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དབུལ་གྱུར་གྱི་གནས་ཚུལ་མི་ཐོན་པའི་མཐའ་ཚད་བརྟན་པོ་སྲུང་ཡོད། རྒྱུན་རྣམ་ཅན་གྱི་སྒོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ཞིང་། རིམ་རྩིས་བརྒྱབ་ན། མང་ཚོགས་ལ་ཕྱོགས་ནས་ཏང་གི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་སྲིད་ཇུས་དང་དེ་བཞིན་བཅའ་ཁྲིམས་ཁྲིམས་སྲོལ་ཐེངས་ཁྲི་1ལྷག་ཙམ་སྒྲོག་འགྲེལ་བྱས་པས་མང་ཚོགས་མི་ཐེངས་ཁྲི་131.5ལ་ཕན་པ་ཐོབ་ཡོད། ཉེན་ཁའི་མངོན་མེད་རྐྱེན་ངན་ཁག་3780གྲལ་བཤེར་གཏིང་ཟབ་བྱས་པ་དང་རྩོད་གཞི་ཁག་3445འདུམ་འགྲིག་ཐུབ་ནས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་ཞི་མཐུན་གྱི་རྣམ་པ་བཟང་པོ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།