ཀྲུང་གོ·མན་ཇུ་ལིའི་ཀྲུང་ཨུ་མོང་གསུམ་གྱི་རྒྱལ་སྤྱིའི་གངས་འཁྱགས་དུས་ཆེན་སྐབས་ཉེར་གཉིས་པ་འགོ་ཚུགས་པ།

ཟླ་12ཚེས་20ཉིན། ཀྲུང་གོ·མན་ཇུ་ལིའི་ཀྲུང་ཨུ་མོང་གསུམ་གྱི་རྒྱལ་སྤྱིའི་གངས་འཁྱགས་དུས་ཆེན་སྐབས་ཉེར་གཉིས་པ་ནང་སོག་རང་སྐྱོང་ལྗོངས་མན་ཇུ་ལི་གྲོང་ཁྱེར་གྱི་གྲོང་དཀྱིལ་རྩྭ་ཐང“གངས་འཁྱགས་ཀྱི་ངོ་མཚར”བརྗོད་དོན་གཙོ་བོའི་སྐྱིད་ཚལ་དུ་འགོ་ཚུགས་ཤིང་། སྐབས་འདིའི་གངས་འཁྱགས་དུས་ཆེན་གྱིས་བསྐྲུན་པའི“གངས་འཁྱགས་ཀྱི་ངོ་མཚར”བརྗོད་དོན་གཙོ་བོའི་སྐྱིད་ཚལ་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་12.8ཟིན་པ་དང་། གངས་འཁྱགས་བརྐོས་མ་དང་། མཉམ་འགུལ་མྱོང་རོལ། ལྗོངས་རྣམ་བཏོད་པ་སོགས་བརྒྱུད། གྲོང་མི་དང་ཡུལ་སྐོར་བ་སྤྲོ་གསེང་ལྟ་སྐོར་དུ་ཡོང་བའི་ཡིད་དབང་བཀུག་ཡོད་པ་རེད།
འདི་ནི་དེ་ཉིན“གངས་འཁྱགས་ཀྱི་ངོ་མཚར”བརྗོད་དོན་གཙོ་བོའི་སྐྱིད་ཚལ་དུ་གྲོང་མི་དང་ཡུལ་སྐོར་བས་སྤྲོ་གསེང་ལྟ་སྐོར་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།