2025ལོའི“བརྙན་མིག་ནས་ཀྲུང་གོར་ལྟ་བའི”རྒྱལ་སྤྱིའི་བརྙན་ཐུང་འགྲན་བསྡུར་ཆེན་པོ་སྐབས་བདུན་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།
ཚེས་20ཉིན། ཀྲུང་གོ་ཕྱི་ཡིག་ཅུས་ཀྱིས་གཙོ་གཉེར་བྱས་པའི་2025ལོའི“བརྙན་མིག་ནས་ཀྲུང་གོར་ལྟ་བའི”རྒྱལ་སྤྱིའི་བརྙན་ཐུང་འགྲན་བསྡུར་ཆེན་པོ་སྐབས་བདུན་པའི་བྱེད་སྒོ་རབ་དང་རིམ་པ་པེ་ཅིང་དུ་སྤེལ་ཞིང་། དེའི་དམིགས་ཡུལ་ནི་རིག་གནས་རྒྱབ་ལྗོངས་མི་འདྲ་བའི་གསར་རྩོམ་བྱེད་མཁན་གྱིས་བརྙན་ཐུང་གཞི་རྟེན་དུ་བྱས་ཏེ། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་གཏམ་རྒྱུད་ཡག་པོ་བརྗོད་རྒྱུར་བསྔགས་སྐུལ་བྱེད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རང་རྟོན་རང་ཚུགས་དང་སྒོ་དབྱེ་བསྟུན་མཁས་ཀྱི་ཀྲུང་གོ་རྒྱུས་མངའ་ལོན་པ་བྱ་ཆེད་རེད།
བྱེད་སྒོ་སྤེལ་བ་དང་སྦྲགས། ད་དུང་བརྩམས་ཆོས་འགྲེམས་སྟོན་དང་། “རྒྱལ་སྤྱིའི་བརྙན་ཐུང་དང་གྲོང་ཁྱེར་ཟུང་འབྲེལ”གྱི་བརྗོད་དོན་གཙོ་བོའི་བགྲོ་གླེང་། “རྒྱལ་སྤྱིའི་བརྙན་ཐུང་དང་གསར་རྩོམ་བྱེད་མཁན་ཟུང་འབྲེལ”གྱི་ཕྱི་དྲོའི་ལྷུག་གླེང་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། ཚོགས་ཞུགས་སྐུ་མགྲོན་གྱིས“གྲོང་ཁྱེར་བརྗོད་དོན་གཙོ་བོར་བྱས་པའི་བརྙན་ཐུང་ཕྱི་རྒྱལ་དུ་སྐད་གྲགས་ཆོད་དོན”དང་། “རྒྱལ་སྤྱིའི་བརྒྱུད་བསྒྲགས་ཀྱི་སྟོབས་ཤུགས་གསར་པ། ཕྱི་རྒྱལ་གྱི་གསར་རྩོམ་མཁན་གྱི་འཚར་ལོངས་ལམ་བུ”སོགས་བརྗོད་དོན་གཙོ་བོར་དམིགས་ཏེ། ལག་ལེན་མཉམ་སྤྱོད་དང་སྤེལ་རེས་གཏིང་ཟབ་བྱས་པ་རེད།
རྒྱལ་སྤྱིའི་བརྒྱུད་བསྒྲགས་ཀྱི་ཐབས་ལམ་སྔར་བས་ཡངས་སུ་གཏོང་ཆེད། བྱེད་སྒོ་སྤེལ་བ་དང་དུས་མཚུངས“གོ་ལ་ཧྲིལ་པོའིvloggerཡིས་ཀྲུང་གོར་ལྟ་བའི”མཉམ་རྩོམ་འཆར་གཞི་འགོ་བཙུགས་པ་དང་། དེ“བརྙན་མིག་ནས་ཀྲུང་གོར་ལྟ་བའི”སྤུས་རྟགས་ཀྱི་ཞོར་བཀོད་འཆར་གཞི་ཡིན་པའི་ངོས་ནས། དེའི་དམིགས་ཡུལ་ནི་ཀྲུང་གོར་ཤེས་རྟོགས་གཏིང་ཟབ་བྱེད་འདོད་ཡོད་མཁན་དང་འཕེལ་རྒྱས་འགྲོ་ཕྱོགས་ཟིན་ཐོར་འགོད་མཁན་གྱི་རྒྱལ་སྤྱིའི་གསར་རྩོམ་མཁན་ལ་རྒྱུན་མཐུད་ཀྱི་རྒྱབ་སྐྱོར་བྱ་རྒྱུ་དེ་རེད།
འབྲེལ་ཡོད་གསར་འགྱུར།