ཧྲན་ཏུང་ཏུང་དབྱིང་གྲུ་ཁ“ཏུན་དུང་ཕྱུར་རིམ་པའི་གྲུ་ཁ་ཆེན་པོའི”གྲལ་དུ་ཚུད་པ།

ཟླ་12ཚེས་22ཉིན། “དབན་མུའུ་ཁྲུན32”རྟགས་ཅན་གྱི་གྲུ་གཟིངས་ནས་ཅ་དངོས་ཕབ་རྗེས། ཧྲན་ཏུང་ཏུང་དབྱིང་གྲུ་ཁའི་2025ལོའི་ལོ་འཁོར་གྱི་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་དུང་ཕྱུར་1ལས་བརྒལ་བ་དེ་ཐོག་ནས་ཏུང་དབྱིང་གྲུ་ཁ“ཏུན་དུང་ཕྱུར་རིམ་པའི་གྲུ་ཁ་ཆེན་པོའི”གྲལ་དུ་ཚུད་པ་མཚོན་ཡོད། ཏུང་དབྱིང་གྲུ་ཁ་ནི་རྒྱལ་ཁབ་ཀྱི་སྒོ་དབྱེའི་འགག་སྒོ་ཞིག་ཡིན་ལ། པོ་ཧའེ་མཚོ་ཁུག་མཐའ་འཁོར་གྱི་སྣུམ་དང་གཤེར་གཟུགས་རྫས་འགྱུར་བཟོ་ལས་ཐོན་རྫས་ཀྱི་ཁྱད་ལྡན་གྲུ་ཁ་ཆེ་ཤོས་ཞིག་ཀྱང་ཡིན། འདི་ནི་དོས་སྒམ་བླུགས་པའི“དབན་མུའུ་ཁྲུན་32”རྟགས་ཅན་གྱི་གྲུ་གཟིངས་ཏུང་དབྱིང་གྲུ་ཁའི་དོས་སྒམ་གྲུ་ཁར་ཁ་བཀག་ནས་དངོས་ཟོག་འདོན་རྩིས་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།