རྒྱལ་ཡོངས་ཀྱི་རྫོང་ཁོངས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་མཐའ་བསྡུར་འགོ་ཚུགས་པ།
ཉེ་ཆར། 2025ལོའི“དམངས་ཡོངས་ཀྱི་ལུས་སྦྱོང་། བདེ་ཐང་གི་ཀྲུང་གོ”ཞེས་པའི་རྒྱལ་ཡོངས་ཀྱི་རྫོང་ཁོངས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་མཐའ་བསྡུར་ཀོང་ཤིས་ཀུའེ་ལིན་དུ་འགོ་ཚུགས་ཤིང་། འགྲན་བསྡུར་དེ་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་མང་ཚོགས་ལུས་རྩལ་སི་དང་ཀྲུང་གོ་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་མཛུབ་ཁྲིད་བྱས་པ་དང་། ཀྲུང་གོ་རྐང་རྩེད་སྤོ་ལོ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་དང་། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ལུས་རྩལ་ཅུས། ཀུའེ་ལིན་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པ་ཞིག་རེད།
རྫོང་ཁོངས་ཀྱི་གཞི་རིམ་འགྲན་བསྡུར་དང་ཞིང་ཆེན་རིམ་པའི་མཐའ་བསྡུར་སོགས་རིམ་པ་བཞིན་འདེམས་སྒྲུག་འགྲན་བསྡུར་བྱས་པ་བརྒྱུད། ཧྲན་ཤིས་དང་། ཅི་ལིན། ཅང་སུའུ་སོགས་ས་ཁུལ་གྱི་ཞིང་ཆེན་རིམ་པའི་རྫོང་ཁོངས་ཀྱི་མཐའ་བསྡུར་གྱི་ཕུལ་བྱུང་གི་གྲུབ་འབྲས་ཐོབ་མཁན་རུ་ཁག་24ཡི་འགྲན་ཞུགས་པ335ཡིས་འགྲན་བསྡུར་འཁྲུག་པོ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།