དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཡུན་ནན་གྱི་སྡེ་ཚན་གཉིས་ཀྱིས་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-24

    ཉེ་དུས། ཡུན་ནན་ཞིང་ཆེན་སྤྱི་བདེ་ཐིང་དང་ཡུན་ནན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས《རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བའི་བྱ་ཐབས་འགའ་ཞིག》 མཉམ་དུ་བཀྲམ་ནས། མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་དམིགས་ནས་སྤྱི་ཚོགས་བདེ་འཇགས་ཀྱི་སྔོན་འགོག་ཚོད་འཛིན་མ་ལག་ཁྱོན་ཡོངས་ནས་འཐུས་སྒོ་ཚང་དུ་བཏང་བ་དང་། ཟང་ཟིང་ཆེ་ཁུལ་དང་། “ལུགས་དང་མི་མཐུན་པའི་རིན་གོང་དམའ་བ” “ལག་ཁྱེར་མེད་པའི་ཡུལ་སྐོར་སྣེ་ཤན་པ” “ཚུལ་དང་མི་མཐུན་པའི་མཚམས་སྦྱོར་བ” “བཙན་ཉོ་བཙན་འཚོང”སོགས་ལས་རིགས་ཀྱི་ཚུལ་མིན་སྣང་ཚུལ་ལ་མུ་མཐུད་བཅོས་སྒྲིག་བྱས་ཡོད།

    བྱ་ཐབས་ནང་ཁ་གསལ་བཏོན་དོན། བྱེས་སྡོད“མཚོ་རླབས་ཉེན་དོན” ལ་སྐུལ་འདེད་བཏང་ནས། དུས་ཚིགས་དབྱེ་ནས་བྱེས་སྡོད་བྱེད་མང་བའི་སྐབས་ལས་ཁུངས་ཀྱི་ཉེན་རྟོག་པ་གཤམ་སྐྱོད་བྱས་ནས་གཞི་རིམ་ལ་རོགས་སྐྱོར་བྱེད་པ་དང་། བྱེས་སྡོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཚོད་ལྟའི་ཁུལ་དུ་དུས་ཚིགས་རང་བཞིན་གྱི་སྡེ་ཁུལ་གྱི་ཉེན་རྟོག་ཁང་མང་དུ་གཏོང་བའམ་ཡང་ན་སྟབས་བསྟུན་སྐོར་གཡེང་གི་ངེས་སྐོར་དུས་སྐབས་དང་། ངེས་སྐོར་ལམ་ཐིག ངེས་སྐྱོད་ས་ཚིགས་བཅས་བཀོད་སྒྲིག་བྱེད་དགོས། མཚན་མོའི་རིག་གནས་དང་། ཡུལ་སྐོར་འཛད་སྤྱོད་འདུས་སྡོད་ཁུལ་ལ་དམིགས་ཏེ། ཉེན་རྟོག་པ་སྔོན་ཚུད་ནས་བཀོད་སྒྲིག་གིས་རང་འགུལ་ངང་ཉེན་རྟོག་ལས་དོན་སྒྲུབ་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།