དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་བཅུ་གཅིག་པའི་ཟླ་མཇུག་བར།

    རང་རྒྱལ་གྱི་5Gསྒུལ་འཕྲིན་ཁ་པར་སྤྱོད་མཁན་མི་གྲངས་དུང་ཕྱུར་11.93ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-24

    བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་དང་པོ་ནས་བཅུ་གཅིག་པའི་བར། གློག་འཕྲིན་ལས་སྒོའི་ཡོང་འབབ་ཁྱོན་སྒོར་དུང་ཕྱུར་16096ཟིན་པ་དེ་དུས་མཚུངས་ལས་0.9%འཕར་བ་དང་། དེ་ཉིད་ལོ་གོང་མའི་འགྱུར་མེད་རིན་གོང་ལྟར་རྩིས་བརྒྱབ་ན། གློག་འཕྲིན་ལས་སྒོའི་ལས་འབོར་དུས་མཚུངས་ལས་9.1%འཕར་ཡོད་པ་རེད།

    5Gསྤྱོད་མཁན་མུ་མཐུད་ཇེ་མང་དུ་ཕྱིན་ཞིང་། ཟླ་དང་པོ་ནས་བཅུ་གཅིག་པའི་ཟླ་མཇུག་བར། རྨང་གཞིའི་གློག་འཕྲིན་ཁེ་ལས་གསུམ་དང་། དེ་བཞིན་ཀྲུང་གོ་རླུང་འཕྲིན་བརྙན་འཕྲིན་གྱི་སྒུལ་འཕྲིན་ཁ་པར་སྤྱོད་མཁན་ཁྱོན་མི་གྲངས་དུང་ཕྱུར་18.28ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་སྤྱོད་མཁན་ཁྲི་3854འཕར་ཡོད་པ་དང་། དེའི་ནང་5Gསྒུལ་འཕྲིན་ཁ་པར་སྤྱོད་མཁན་མི་གྲངས་དུང་ཕྱུར་11.93ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་དུང་ཕྱུར་1.79མང་དུ་སོང་ནས། སྒུལ་འཕྲིན་ཁ་པར་སྤྱོད་མཁན་གྱི་65.3%བཟུང་ཡོད་པ་རེད།

    5Gསྦྲེལ་ཚུགས་ཀྱིས་བཟུང་བའི་བསྡུར་ཚད་མུ་མཐུད་ཇེ་མཐོར་སོང་ཞིང་། ཟླ་དང་པོ་ནས་བཅུ་གཅིག་པའི་ཟླ་མཇུག་བར། 5Gསྦྲེལ་ཚུགས་ཀྱི་བསྡོམས་འབོར་ཁྲི་483ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་ཁྲི་57.9འཕར་ནས། སྒུལ་འཕྲིན་སྦྲེལ་ཚུགས་བསྡོམས་འབོར་གྱི་37.4%བཟུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།