དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་མཚོ་ཐོག་སྣུམ་ཞིང་ཆེ་ཤོས་ནས་ལོར་སྣུམ་རླངས་ཐོན་ཚད་ཏུན་ཁྲི་4000ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-24

    ཟླ་12ཚེས་21ཉིན། ཀྲུང་གོ་མཚོ་སྣུམ་ཚོགས་པ་ཚད་ཡོད་ཀུང་སིས་ཁྱབ་བསྒྲགས་བྱས་པར། 2025ལོར། རང་རྒྱལ་གྱི་མཚོ་ཐོག་སྣུམ་ཞིང་ཆེ་ཤོས་ཡིན་པའི་པོ་ཧའེ་སྣུམ་ཞིང་ནས་ཁྱོན་སྣུམ་རླངས་ཏུན་ཁྲི་4000ལྷག་ཙམ་ཐོན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་ལ། རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལའང་འགན་སྲུང་བརྟན་པོ་བྱས་ཡོད་པ་རེད། པོ་ཧའེ་སྣུམ་ཞིང་ནི་རང་རྒྱལ་གྱི་མཚོ་ཐོག་གི་སྣུམ་ཐོན་མང་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་གཙོ་ཤུགས་སྣུམ་ཞིང་ཞིག་ཡིན་ཞིང་། མིག་སྔར་སྣུམ་ཞིང་60ལྷག་ཙམ་དང་ཐོན་སྐྱེད་སྒྲིག་བཀོད་200ལྷག་ཙམ་ཡོད་པ་དང་། རིམ་རྩིས་བརྒྱབ་ན། མ་བཅོས་སྣུམ་ཏུན་དུང་ཕྱུར་6ལྷག་ཙམ་ཐོན་སྐྱེད་བྱེད་ཐུབ་ཀྱི་ཡོད་པ་རེད། འདི་ནི་པོ་ཧའེ་མཚོ་ཐོག་སྣུམ་ཞིང་གི་སྣུམ་རླངས་འདོན་ས་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།