བོད་ཀྱི་སྐྱེ་ལྡན་ནས་ཁག་དང་པོ་ཤང་ཀང་དུ་བཏང་བ།
ཉེ་ཆར། ལྷ་ས་འགག་སྒོ་ལས་ཁུངས་ཀྱི་ཁོངས་གཏོགས་བར་སྐོར་འགག་སྒོ་ལས་ཁུངས་ཀྱི་ལྟ་འདོམས་འོག བོད་ལྗོངས་ཆེས་བྲིན་ནས་བདེ་ཐང་ཚན་རྩལ་ཚད་ཡོད་ཀུང་སིས་རེ་ཞུ་བྱས་པའི་ཤུན་པ་བཤུས་པའི་ནས་དང་། ཤུན་པ་བཤུས་པའི་ནས་ནག ཤུན་པ་བཤུས་པའི་སྐྱེ་ལྡན་ནས་སོགས་ཀྱི་ཐོན་རྫས་ཁག་གཅིག་བདེ་བླག་ངང་ཤང་ཀང་དུ་བཏང་ཞིང་། དེ་ནི་བོད་ཀྱི་སྐྱེ་ལྡན་ནས་དང་ནས་ནག་ཁག་དང་པོ་ཤང་ཀང་དུ་བཏང་བ་ཞིག་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། བོད་ཀྱི་དབྱར་རྩྭ་དགུན་འབུ་དང་གཏེར་ཆུ་སོགས་ཁྱད་ལྡན་ཐོན་རྫས་ནི་ཤང་ཀང་ལ་གཏོང་བའི་གཙོ་ཤུགས་ལྟ་བུར་གྱུར་ཡོད། ད་རེས་ནས་ཀྱི་ཐོན་རྫས་བཏང་བ་དེས་ཁྱད་ལྡན་ཐོན་རྫས་ཀྱི་སྣ་ཁ་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། ཞིང་འབྲོག་པའི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་ཆེར་ཕྱིན་པ་མ་ཟད། རྒྱལ་སྤྱིའི་སྐར་ཁུང་ཡིན་པའི་ཤང་ཀང་ལ་བརྟེན་ནས་སྔར་བས་ཡངས་ཤིང་རྒྱ་ཆེ་བའི་འཛམ་གླིང་ལའང་བསྐྱོད་ཡོད་པ་རེད།
བོད་ཀྱི་ཁྱད་ལྡན་ཐོན་རྫས་མགྱོགས་མྱུར་དང་བདེ་བླག་ངང་འགག་སྒྲོལ་ཐུབ་ཆེད། ལྷ་ས་འགག་སྒོ་ལས་ཁུངས་ཀྱི་ཁོངས་གཏོགས་བར་སྐོར་འགག་སྒོ་ལས་ཁུངས་ཀྱིས་ཕྱིར་གཏོང་སྲིད་ཇུས་ཁྱིམ་དུ་སྒྲོག་འགྲེལ་བྱས་པ་བརྒྱུད་ཁེ་ལས་ལ་ཐོ་འགོད་ཚགས་འཇུག་དང་རེ་ཞུའི་དཔྱད་ཡིག་གྲ་སྒྲིག་ལེགས་འགྲུབ་བྱ་རྒྱུའི་མཛུབ་ཁྲིད་བྱས་པ་རེད། ནས་ཀྱི་ཐོན་རྫས་ཀྱི་ཁྱད་ཆོས་ལ་དམིགས་ནས“འགག་སྒོ་དཔོན་གྱིས་སྲིད་ཇུས་སྒོ་རྩར་སྐྱེལ་བ”སོགས་ཀྱི་ལམ་སྲོལ་གང་ལེགས་སྤྱད་དེ་འགག་སྒོ་ཁུལ་གྱི་ཆེད་ལས་འོས་ཐོབ་མི་སྣར་མཐུན་སྦྱོར་བྱས་ཏེ་མངའ་ཁོངས་ཞིབ་བཤེར་དུས་ཐོག་ཏུ་ལེགས་སྒྲུབ་བྱས་ཏེ། བརྒྱུད་རིམ་ཧྲིལ་པོར་ཁེ་ལས་ལ་རྩི་ཤིང་ཞིབ་བཤེར་རིམས་བཤེར་གྱི་ལག་ཁྱེར་རེ་ཞུ་བྱ་རྒྱུར་མཛུབ་ཁྲིད་བྱས་ཡོད། དེ་དང་ཆབས་ཅིག རང་འགུལ་ངང་ཁེ་ལས་དང་འབྲེལ་མཐུད་བྱས་ཏེ་ཕྱིར་གཏོང་འཆར་གཞི་ནས་ཕྱིར་གཏོང་ལེགས་འགྲུབ་བྱེད་པའི་བར་བརྒྱུད་རིམ་ཧྲིལ་པོའི་ཞབས་ཞུ་མཁོ་འདོན་བྱས་པ་དང་འབྲེལ“དྲ་ཐོག་མཆན་སྤྲོད”ཞིབ་བཤེར་རིམས་བཤེར་གྱི་ལག་ཁྱེར་སོགས་སྟབས་བདེ་ཅན་གྱི་བྱེད་ཐབས་དུས་མཉམ་དུ་དོན་འཁྱོལ་བྱས་ཏེ། “སྔོན་ལ་བདག་སྤྲོད”དང་། “ལྷན་ཞུ་དང་། ལྷན་བཤེར། ལྷན་གློད”“བརྒྱུད་རིམ་ཧྲིལ་པོའི་མཛུབ་ཁྲིད”ཀྱི་བྱེད་ཐབས་བཅས་ལ་བརྟེན་ནས་ཕྱིར་གཏོང་འཆར་གཞི་ནས་འགག་སྒྲོལ་གྱི་ལག་ཁྱེར་སྤྲོད་པའི་བར་གྱི་བརྒྱུད་རིམ་ཧྲིལ་པོའི་འབྲེལ་མཐུད་སྒྲུབ་གཉེར་མངོན་འགྱུར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།