དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་བོད་ལྗོངས་སུ་ས་མཐོའི་མཛེས་མཐུན་གྲོང་གསེབ་838འཛུགས་སྐྲུན་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-24

    གསར་འགོད་པར་བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། ལྗོངས་ཡོངས་སུ་རིམ་རྩིས་བརྒྱབ་ན་ས་མཐོའི་མཛེས་མཐུན་གྲོང་གསེབ་1000འཛུཌ་སྐྲུན་བྱས་པའི་ནང་གྲོང་གསེབ་838འཛུགས་སྐྲུན་ལེགས་གྲུབ་བྱུང་ཡོད། རིམ་རྩིས་བརྒྱབ་ན་ཁྱིམ་སྤྱོད་གསང་སྤྱོད་ཁྲི་44.79ལྷག་ཙམ་སྒྱུར་བཀོད་དང་། མི་ཕྱུགས་ལོགས་དབྱེའི་དུད་ཚང་ཁྲི་55.65ལྷག་ཙམ་ཟིན་ནས་གྲོང་གསེབ་ཏུ་ཁྱིམ་སྤྱོད་གསང་སྤྱོད་ཁྱབ་ཚད་དང་མི་ཕྱུགས་ལོགས་དབྱེ་བྱེད་ཚད་83.25%དང་99.18%སོ་སོར་ཟིན་ནས་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། བོད་ལྗོངས་ཀྱིས་ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་སྟེ། “གྲོང་ཚོ་མཛེས་པ་དང་། དམངས་ཕྱུག་པ། ཐོན་ལས་དར་བ། ཚན་ཁག་སྟོབས་ཆེ”བཅས་ཀྱི་བླང་བྱ་གཞིར་བཟུང་། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཇུག་སྒོར་བྱས་ནས། ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་དང་ཞིང་འབྲོལ་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་བཏང་ནས་ཆུ་ཟོམ་ནས་ཆུ་ཀ་ལའི་བར་དང་། སྣུམ་ཞུ་ནས་གློག་སྒྲོན་བར། ས་རྡོའི་ལམ་ནས་སྣུམ་ནག་གཞུང་ལམ་བར། ཕྱིང་གུར་ནས་ཐོག་ཁང་བར་བཅས་ཀྱི་འཕོ་འགྱུར་ཆེན་པོ་མངོན་འགྱུར་བྱུང་ཡོད།

    གཞན་ཡང་། བོད་ལྗོངས་ཀྱིས་དུས་བདེའི་གྲོང་གསེབ་འཛུགས་སྐྲུན་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ། ཞིང་འབྲོག་པའི་རྣམ་གསར་བྱ་སྤྱོད་གཏིང་ཟབ་སྤེལ་བ་དང་། ཞིང་འབྲོག་ཁུལ་གྱི་ཁྱིམ་སྤྱོད་གསང་སྤྱོད་སྒྱུར་བཀོད་དང་མི་ཕྱུགས་ལོགས་དབྱེ་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་འཛིན་པ། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་མཐོ་འདེགས་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཞིང་འབྲོག་པས་གོམས་སྲོལ་རྙིང་པ་དང་གོམས་གཤིས་ངན་པ་བསྒྱུར་བ་དང་ཤེས་དཔལ་གྱི་སྲོལ་བཟང་དར་སྤེལ་གཏོང་བར་ཁྲིད་སྟོན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།