ཟླ་དང་པོ་ནས་བཅུ་གཅིག་པའི་བར་རྒྱལ་ཡོངས་དམངས་སྤྱོད་མཁའ་འགྲུལ་གྱིས་དངོས་ཟོག་དང་སྦྲག་བསྐུར་སྐྱེལ་འདྲེན་བྱེད་ཚད་དུས་མཚུངས་ལས་13.6%འཕར་བ།
གསར་འགོད་པར་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ནས་ཤེས་རྟོགས་བྱུང་བར། ད་ལོ་ནས་བཟུང་། རང་རྒྱལ་མཁའ་འགྲུལ་གྱི་དངོས་ཟོག་སྐྱེལ་འདྲེན་དུས་བབ་མུ་མཐུད་ལེགས་སུ་ཕྱིན་པ་དང་ལས་སྒོའི་གཞི་རྒྱ་ཆེ་རུ་རྒྱུན་ཆད་མེད་པར་འགྲོ་བཞིན་ཡོད་པ་རེད།
ཟླ་དང་པོ་ནས་བཅུ་གཅིག་པའི་བར། རྒྱལ་ཡོངས་དམངས་སྤྱོད་མཁའ་འགྲུལ་གྱིས་དངོས་ཟོག་དང་སྦྲག་བསྐུར་སྐྱེལ་འདྲེན་བྱེད་ཚད་བསྡོམས་ཏུན་ཁྲི་924ཟིན་པ་དེ་དུས་མཚུངས་ལས་13.6%འཕར་ཞིང་། དེའི་ནང་རྒྱལ་ནང་གི་མཁའ་ལམ་ནས་ཏུན་ཁྲི་525.4སྐྱེལ་འདྲེན་བྱས་པ་དང་རྒྱལ་སྤྱིའི་མཁའ་ལམ་ནས་ཏུན་ཁྲི་398.8སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་ཁག་སོ་སོར་8.1%དང་21.8%འཕར་ཡོད།
ཟླ་དང་པོ་ནས་བཅུ་གཅིག་པའི་བར། རང་རྒྱལ་གྱི་དངོས་ཟོག་སྐྱེལ་འདྲེན་བྱེད་མཁན་དུས་གཏན་གནམ་གྲུ་རྒྱུན་མཐུད་མང་དུ་སོང་ཞིང་། རིམ་རྩིས་བརྒྱབ་ན། རྒྱལ་ཁབ་70དང་གྲོང་ཁྱེར་170ལ་ཁྱབ་པ་དེ་ན་ནིང་དང་བསྡུར་ན་རྒྱལ་ཁབ་8དང་གྲོང་ཁྱེར་27མང་དུ་ཕྱིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།