“རི་མོ་མཁས་ཤོས—ཀྲུང་གོའི་གཞོན་ནུའི་སྣུམ་ཚོན་རི་མོའི་བརྩམས་ཆོས་འགྲེམས་སྟོན་སྐབས་བཞི་པ”ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་གྱི་ནང་སོག་མཛེས་རྩལ་ཁང་དུ་གཉེར་བ།
ཟླ་12ཚེས་20ཉིན།“རི་མོ་མཁས་ཤོས—ཀྲུང་གོའི་གཞོན་ནུའི་སྣུམ་ཚོན་རི་མོའི་བརྩམས་ཆོས་འགྲེམས་སྟོན་སྐབས་བཞི་པ”ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་གྱི་ནང་སོག་མཛེས་རྩལ་ཁང་དུ་གཉེར་བ་རེད། ད་རེས་ཀྱི་རི་མོའི་འགྲེམས་སྟོན་དེ་ཀྲུང་གོའི་སྣུམ་ཚོན་རི་མོའི་སློབ་ཚོགས་དང་ནང་སོག་རང་སྐྱོང་ལྗོངས་རྩོམ་རིག་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་དུ་གཙོ་གཉེར་བྱས་ཤིང་། འགྲེམས་སྟོན་ལ་ཚུད་པའི་བརྩམས་ཆོས་ནས་བརྩམས་ཆོས་216འགྲེམས་སྟོན་བྱས་ཡོད་པ་རེད།

འདི་ནི་དེ་ཉིན་ལྟ་སྐོར་བས་རི་མོའི་འགྲེམས་སྟོན་གཉེར་ཡུལ་དུ་སྣུམ་ཚོན་རི་མོའི་བརྩམས་ཆོས་ལ་ལྟ་བཞིན་པ།
འབྲེལ་ཡོད་གསར་འགྱུར།