དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2025ལོའི་ཀྲུང་ཧྭའི་རིག་གནས་རྒྱལ་སྤྱིའི་ཁྱབ་སྤེལ་གླེང་སྟེགས་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-23

    ཚེས་19ཉིན་2025ལོའི་ཀྲུང་ཧྭའི་རིག་གནས་རྒྱལ་སྤྱིའི་ཁྱབ་སྤེལ་གླེང་སྟེགས་པེ་ཅིང་དུ་འཚོགས་ཤིང་། གླེང་སྟེགས་ཐོག“གདེང་ཚོད་དང་། བསྟུན་མཁས། གསར་གཏོད་བཅས་ལ་བརྟེན་ནས་ཀྲུང་ཧྭའི་ཤེས་དཔལ་ཁྱབ་སྤེལ་ནུས་པ་དང་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། རྒྱལ་ཡོངས་ཀྱི་བསམ་བློའི་རིགས་པའི་གཞུང་ལུགས་དང་། རིག་གནས་སྒྱུ་རྩལ། རྒྱལ་སྤྱིའི་ཁྱབ་སྤེལ་སོགས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་གྱི་འཐུས་མིས་དུས་རབས་གསར་པའི་ཀྲུང་ཧྭའི་རིག་གནས་ཕྱི་ཕྱོགས་སུ་ཁྱབ་སྤེལ་གཏོང་བའི་ཐབས་ལམ་དང་གསར་གཏོད་ལག་ལེན་ལ་མཉམ་དུ་གྲོས་བསྡུར་བྱས་པ་རེད།

    གླེང་སྟེགས་ཐོག་ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་རིག་གནས་ཁྱབ་སྤེལ་ལྟེ་གནས་དང་པེ་ཅིང་དགེ་འོས་སློབ་ཆེན་རིག་གནས་གསར་གཏོད་དང་ཁྱབ་སྤེལ་ཞིབ་འཇུག་ཁང་གིས་མཉམ་དུ་སྒྲིག་བཟོ་བྱས་པའི《ཀྲུང་ཧྭའི་རིག་གནས་རྒྱལ་སྤྱིའི་ཁྱབ་སྤེལ་ཞིབ་འཇུག་སྙན་ཞུ(2025ལོ)》ཁྱབ་བསྒྲཌ་བྱས་པ་དང་། “བར་སྣང་དང་ས་ངོས་གཞི་གཅིག་གི་མཉམ་འགུལ་རིག་གནས་ཁྱབ་སྤེལ་ལས་སྟེཌ”ཀྱི་འགོ་ཚུཌ་མཛད་སྒོ་འཚོགས་པ། རིག་གཞུང་ཆེད་རྩོམ《འབྲི་ཆུ་འབྲི་ཆུ། ཆུ་བོ་ཆེན་པོ་ཞིག་གི་གོ་ལ་ཧྲིལ་པོའི་རིག་གནས་IPལྷུག་བརྗོད》ཁྱབ་བསྒྲགས་བྱས་པ་རེད། “བར་སྣང་དང་ས་ངོས་གཞི་གཅིག་གི་མཉམ་འགུལ་རིག་གནས་ཁྱབ་སྤེལ་ལས་སྟེགས”ཀྱིས་ཀྲུང་གོའི་རིག་གནས་ཁྱབ་སྤེལ་སྲུང་སྐར་དང་པོ“ཡིའུ་ཤིས་རྟཌ་ཅན”དེ་འགག་རྩའི་ལྷུ་ཚིགས་སུ་བྱས་ནས་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་དང་རིག་གནས་ཁྱབ་སྤེལ་མཉམ་འདྲེས་གཏིང་ཟབ་བྱས་ཏེ། “གནམ་ས་གཉིས་མཐུད། ཕྱོགས་གཉིས་འབྲེལ་མཐུད”ཀྱི་དཔེ་སྟོན་གསར་རྐྱང་གཏོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།