དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • དུས་རབས་གསར་པར་རྒྱ་རིག་པའི་གསོན་ཤུགས་འཕེལ།

    ཡུས་ཡུན་ཧྥུང་།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-23

    ད་ལོའི་ཟླ་11པར། 2025ལོའི་འཛམ་གླིང་རྒྱ་ཡིག་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་རེད། ཚོགས་འདུར་གདན་དྲངས་པའི་རྒྱལ་ཁབ་51གི་རྒྱ་རིག་པ་མཁས་ཅན་གྱི་གཞོན་ནུ་61གིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་ཕུལ་ནས་ཀྲུང་གོའི་ཞིབ་འཇུག་ལས་ལ་གཞོལ་བའི་ཉམས་མྱོང་དང་མྱོང་ཚོར་དང་། ཀྲུང་གོའི་ཤེས་རིག་ལ་སྔར་བས་ཞིབ་འཇུག་ཡག་པོ་བྱེད་པ་དང་ཤེས་དཔལ་སྤེལ་རེས་ཀྱི་འབྲེལ་ཟམ་ནུས་པ་འདོན་པའི་འདུན་པ། གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་གི་གཞོན་ནུ་མཁས་དབང་ཚོས་ཀྲུང་གོར་ཞིབ་འཇུག་གཏིང་ཟབ་བྱེད་པའི་སྤྲོ་སེམས་ཆེན་པོ་བཅས་ཞུས་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱ་རིག་པ་མཁས་ཅན་གྱི་གཞོན་ནུ་ཚོར་འཕྲིན་ལན་སྤྲིངས་ནས་ཁོང་ཚོར“ཀྲུང་ཕྱིའི་ཤེས་དཔལ་མཉམ་འདྲེས་ཀྱི་ཕོ་ཉ་ཡག་པོ་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས”ཞེས་སྐུལ་ལྕག་གནང་བ་རེད།

    ཀྲུང་གོ་སྲིད་གཞུང་གིས་འཛམ་གླིང་ཐོག་རྒྱ་རིག་པ་འཕེལ་རྒྱས་དང་རྒྱ་རིག་པའི་གཞོན་ནུ་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོ་སློབ་གསོ་པུའུ་ཡིས་2013ལོར“རྒྱ་རིག་པའི་འཆར་གཞི་གསར་པ”ལག་ལེན་བསྟར་འགོ་བཙུགས་ནས་རྒྱ་རིག་པའི་གཞོན་ནུ་ཤེས་ལྡན་པ་ཆེད་མངགས་གསོ་སྐྱོང་བྱས་ཡོད། ལོ་12ཀྱི་རིང“རྒྱ་རིག་པའི་འཆར་གཞི་གསར་པ”རིམ་རྩིས་བརྒྱབ་ན་རྒྱལ་ཁབ་དང་ས་ཁུལ་120ལྷག་ཙམ་ལ་ཁྱབ་པ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐད་གྲགས་ཆེ་བའི་སློབ་ཆེན་གྱིས་ཁེར་རྐྱང་ངམ་ཡང་ན་མཉམ་འབྲེལ་ཐོག་སློབ་མ་བསྡུ་རྒྱུར་གཙོ་གནད་རྒྱབ་སྐྱོར་བྱས་ཏེ་རྒྱ་རིག་པའི་ཁྱབ་ཁོངས་ཀྱི་འབུམ་རམས་པ་1080དང་ལོ་ཙཱའི་རབ་འབྱམས་སློབ་མ་85གསོ་སྐྱོང་བྱས་པ་མ་ཟད། གཞོན་ནུ་ལོ་ཙཱ་བ་1500ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་སྐད་རིགས་མང་པོ་རྒྱ་ཡིག་ཏུ་བསྒྱུར་བའི་གསོ་སྦྱོང་ནང་ཞུགས་པ་དང་། གཞོན་ནུ་མཁས་དབང་1700ལྷག་ཙམ་ཀྲུང་གོར་འཚམས་འདྲི་སློབ་སྦྱོང་དང་ཞིབ་འཇུག་ཟབ་སྦྱོང་ལ་གདན་དྲངས་པ་རེད། དེ་དང་ཆབས་ཅིག་ཕྱི་རྒྱལ་གྱི་མཐོ་སློབ་ཀྱིས་ཀྲུང་གོའི་ཞིབ་འཇུག་སློབ་ཚན་200ལྷག་ཙམ་བཀོད་སྒྲིག་བྱེད་པར་རོགས་རམ་བྱས་པ་མ་ཟད། རྒྱ་རིག་པའི་འཆད་ཁྲིད་ཀྱི་ལས་གནས་བཙུགས་པ་དང་། ཀྲུང་གོའི་གསུང་རབ་ཕབ་སྒྱུར་དང་ཀྲུང་གོའི་ཞིབ་འཇུག་བརྩམས་ཆོས་70ལྷག་ཙམ་དཔེ་སྐྲུན། ས་ཁོངས་རྒྱལ་ཁབ་ཁག་གི་རྒྱ་རིག་པའི་རྒྱལ་སྤྱིའི་ཚོགས་འདུ་ཐེངས་60ལྷག་ཙམ་གཉེར་བ་བཅས་བྱས་ཡོད། དེའི་ནང“ཀྲུང་གོར་རྒྱུས་ལོན”ཞེས་བརྗོད་དོན་གཙོ་བོར་བྱས་པའི་འཛམ་གླིང་གི་རྒྱ་རིག་པའི་ཚོགས་ཆེན་སྐབས་9འཚོགས་པ་དེ་ནི་ཤུགས་རྐྱེན་གལ་ཆེན་ལྡན་པའི་རྒྱལ་སྤྱིའི་རིག་གཞུང་ཚོགས་འདུའི་སྤུས་རྟགས་རྩེར་སོན་ཞིག་ཏུ་གྱུར་ཡོད།

    མིག་སྔར། “རྒྱ་རིག་པའི་འཆར་གཞི་གསར་པ”ནི་འཛམ་གླིང་གི་རྒྱ་རིག་པའི་ཁྱབ་ཁོངས་ཀྱི་གཞོན་ནུ་ཤེས་ལྡན་པ་གསོ་སྐྱོང་གི་གཞི་རྟེན་གལ་ཆེན་དང་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་ཁྱབ་ཁོངས་ཀྱི་རིག་གཞུང་ལས་སྟེཌ་གལ་ཆེན་ཞིག་ཏུ་གྱུར་ཡོད། མཐར་ཕྱིན་འབུམ་རམས་པ་མང་པོ་ཞིག་རྒྱལ་ཁབ་ཏུ་ལོག་ནས་ལས་ཀར་ཞུགས་པ་དང་། ཁ་ཤས་མཐོ་རིམ་སློབ་གྲྭ་དང་ཚན་ཞིབ་སྒྲིག་གཞིར་རྒྱ་ཡིག་དང་རྒྱ་རིག་པའི་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་བྱེད་པ། ཁ་ཤས་སློབ་གསོ་དང་། རིག་གནས། ཕྱི་འབྲེལ། དཔལ་འབྱོར་ཚོང་དོན་སོགས་སྡེ་ཚན་དུ་ལས་འགན་འཁུར་བཞིན་ཡོད་པས་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པ་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་མཉམ་ལས་ཁྱབ་ཁོངས་ཀྱི་གསར་ཐོན་སྟོབས་ཤུགས་གལ་ཆེན་ཞིག་ཏུ་འཚར་ལོངས་མྱུར་པོ་བྱུང་ཡོད། ད་ཐེངས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྐུར་མཁན་རྒྱ་རིག་པའི་གཞོན་ནུ་མཁས་པ་ཚང་མ“རྒྱ་རིག་པའི་འཆར་གཞི་གསར་པའི”ནང་གསོ་སྐྱོང་བྱས་པའི་ཕུལ་བྱུང་ཤ་སྟག་རེད།

    (རྩོམ་པ་པོ་ནི་ཀྲུང་གོ་སློབ་གསོ་པུའི་ཀྲུང་གོ་དང་ཕྱི་རྒྱལ་སྐད་ཡིག་སྤེལ་རེས་མཉམ་ལས་ལྟེ་གནས་ཀྱི་ཀྲུའུ་རེན་ཡིན)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།