དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཞི་བདེ་འཕེལ་རྒྱས་གླེང་མོལ་གྱི་2025ལོའི”རྒྱལ་སྤྱིའི་རིག་གཞུང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-23

    ཚེས་21ཉིན“2026ལོའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཉམ་ལས་ལ་དམིགས་པ”བརྗོད་དོན་གཙོ་བོར་བྱས་པའི“ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཞི་བདེ་འཕེལ་རྒྱས་གླེང་མོལ་གྱི་2025ལོའི”རྒྱལ་སྤྱིའི་རིག་གཞུང་ཚོགས་འདུ་ཧའེ་ནན་ཞིང་ཆེན་ཧའེ་ཁོའུ་གྲོང་ཁྱེར་དུ་འཚོགས་ཤིང་། ཀྲུང་གོ་དང་། ཧིན་རྡུ་ཉི་ཞི་ཡ། མ་ལེ་ཞི་ཡ། པུ་རུ་ནེ་སོགས་རྒྱལ་ཁབ་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་30ཙམ་གྱིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འཕེལ་རྒྱས་དང་། བདེ་འཇགས། མཉམ་ལས་བཅས་ཀྱི་མདུན་ལམ་སོགས་ལ་དམིགས་ནས་བགྲོ་གླེང་བྱས་པ་རེད།

    ཚོགས་ཞུགས་མི་སྣ་ཚོས། རྒྱལ་ཁབ་ཁག་གཅིག་གིས་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་བསྐྱར་དུ་སྤྱད་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་འཕྲད་པའི་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་འགྲན་སློང་གི་མདུན་དུ་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དབར་མཐུན་སྒྲིལ་མཉམ་ལས་བྱ་རྒྱུ་དེ་སྔར་བས་གལ་འགངས་ཆེ་བ་དང་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། ཕྱོགས་གཉིས་པོས་ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་ཀྱིས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་རྒྱབ་སྐྱོར་བྱས་ཏེ། དེ་བས་དམ་ཟབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་དགོས་པའི་ངོས་འཛིན་ཡོངས་ཁྱབ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།