དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧའེ་ནན་ཧའེ་ཁོའུ་རུ་2025ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཡུལ་སྐོར་ཚོང་འདུས་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-23

    ཟླ་12ཚེས་19ཉིན། 2025ལོའི་ཀྲུང་གོ་རྒྱལ་སྤྱིའི་ཡུལ་སྐོར་ཚོང་འདུས་ཧའེ་ནན་ཧའེ་ཁོའུ་རུ་འགོ་ཚུགས་ཤིང་། རྒྱལ་ཁབ་དང་ས་ཁུལ་101ནས་ཡོང་བའི་ཡུལ་སྐོར་ཚོང་པ་དང་དེ་བཞིན་འཐུས་མི་1000ལྷག་ཞུགས་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོའི་ཀྲུང་གོ་རྒྱལ་སྤྱིའི་ཡུལ་སྐོར་ཚོང་འདུས་ནི་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་སྒོ་ཁྲལ་བསྡམས་རྗེས། ཧའེ་ནན་དུ་གཉེར་བའི་ཚད་གཞི་མཐོ་བའི་ཡུལ་སྐོར་འདུ་ཚོགས་གཟབ་རྒྱས་དང་པོ་དེ་ཡིན་པ་རེད།

    འདི་ནི་ཟླ་12ཚེས་19ཉིན་2025ལོའི་ཀྲུང་གོ་རྒྱལ་སྤྱིའི་ཡུལ་སྐོར་ཚོང་འདུས་རྒྱལ་ནང་འགྲེམས་ཁང་གི་ཧྥུའུ་ཅན་འགྲེམས་སྟེགས་མདུན་དུ། ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས་མགོ་ལ་ཆོན་ཀྲོའུ་ཡི་མགོ་རྒྱན་མེ་ཏོག་བཏགས་ནས་པར་རྒྱག་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།