དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཟླ་དང་པོ་ནས་བཅུ་གཅིག་པའི་བར་མཚོ་སྔོན་གྱི་ཕྱིར་གཏོང་ནང་འདྲེན་འཕར་ཚད་མུ་མཐུད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-23

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཟླ་12ཚེས་19ཉིན་གསར་འགོད་པས་ཟི་ལིང་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱས་པར། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2025ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར་མཚོ་སྔོན་ཞིང་ཆེན་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་64.5ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་30.1%འཕར་བའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར་57ཟིན་ནས་59.2%འཕར་བ་དང་། ཕྱིར་གཏོང་ནང་འདྲེན་གྱི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོ་རྒྱུན་འཁྱོངས་ཐུབ་ཡོད།

    ཕྱི་ཕྱོགས་ཚོང་དོན་གྱི་བྱེད་པོའི་གསོན་ཤུགས་ཆེ་རུ་ཕྱིན་པ་དང་། དམངས་གཉེར་ཁེ་ལས་ཀྱིས་ཕྱི་ཕྱོགས་ཚོང་དོན་གྱི་གཙོ་ཤུགས་དམག་གི་ནུས་པ་རྒྱུན་མཐུད་འདོན་སྤེལ་བྱས་ཡོད། ད་ལོ་ཚུན་དུ། ཞིང་ཆེན་ཡོངས་སུ་ཕྱིར་གཏོང་ནང་འདྲེན་གྱི་གྲུབ་འབྲས་དངོས་ཐོན་པའི་ཁེ་ལས་ཀྱི་གྲངས་འབོར་བརྟན་པོའི་ངང་འཕར་ནས་ཁེ་ལས་225ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་ཁེ་ལས་20མང་དུ་ཕྱིན་པར་9.8%འཕར་ཡོད། དེའི་ནང་ཕྱིར་གཏོང་ནང་འདྲེན་གྱི་གྲུབ་འབྲས་དངོས་ཐོན་པའི་དམངས་གཉེར་ཁེ་ལས་210ཡོད་པ་དང་། ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་57.2ཟིན་ནས་48%འཕར་བ་དེས་དུས་མཚུངས་ཀྱི་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་རིན་ཐང་བསྡོམས་འབོར་གྱི་88.7%བཟུང་ནས་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་བརྒྱ་ཆའི་གྲངས་37.4འཕར་བར་སྐུལ་ཁྲིད་བྱས་ཡོད། དུས་མཚུངས་གཞུང་ཁོངས་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་7ཟིན་པ་དང་། ཕྱི་རྒྱལ་གྱི་ཚོང་པས་མ་འཇོག་བྱས་པའི་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་སྒོར་ཁྲི་2736.7ཟིན་ཡོད་པ་རེད།

    རྒྱལ་སྤྱིའི“གྲོགས་ཚོགས”ཟམ་མི་ཆད་པར་རྒྱ་ཆེར་ཕྱིན་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་ཐེབས་ཡོད། ཟླ་དང་པོ་ནས་བཅུ་གཅིག་པའི་བར། ཞིང་ཆེན་ཡོངས་ཀྱིས་རྒྱལ་ཁབ་དང་ས་ཁུལ་119དང་ཚོང་དོན་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ། ཚོང་དོན་འབྲེལ་བ་སྣ་མང་ཅན་དུ་རྒྱུན་མཐུད་རྒྱ་སྐྱེད་བཏང་བ་དེ་ན་ནིང་གི་དུས་མཚུངས་ལས་ཚོང་དོན་གྱི་རྒྱལ་ཁབ་དང་ས་ཁུལ་21མང་དུ་ཕྱིན་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་དང་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་53.6ཟིན་ནས47.3%འཕར་བ་དེས་ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་9.7འཕར་ནས་83.2%མང་དུ་ཕྱིན་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཁྲོད་ཀྱི་ཧང་ག་རི་དང་། ཝེ་ཐེ་ནམ། ཨུ་རུ་སུ་བཅས་ནི་ཚོང་དོན་རོགས་ཟླ་གལ་ཆེན་གསུམ་ཡིན་པ་དང་། གོང་གསལ་རྒྱལ་ཁབ་གསུམ་ལ་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་27.1དང་། སྒོར་དུང་ཕྱུར་4.9 སྒོར་དུང་ཕྱུར་4.3བཅས་སོ་སོར་ཟིན་ནས་ལྡབ་4.2དང་། ལྡབ་1.5 29.2%བཅས་སོ་སོར་འཕར་ཡོད་པ་རེད།

    ལྗང་མདོག་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་གི་འཕར་ཚད་ཅུང་མགྱོགས་པ་དང་། སྔོ་ཚལ་དང་ཞོག་ཁོག་ཕྱིར་གཏོང་གི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ཟླ་དང་པོ་ནས་བཅུ་གཅིག་པའི་བར། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཀྱི་ཕྱིར་གཏོང་སྒོར་དུང་ཕྱུར་6.7ཟིན་ནས་21.6%འཕར་བ་དང་ཕྱིར་གཏོང་གི་གཞི་ཁྱོན་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད། དེའི་ནང་འཁྱགས་ཉ་ཕྱིར་གཏོང་གི་གཞི་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་ཕྱིར་གཏོང་སྒོར་དུང་ཕྱུར་3.4ཟིན་ནས་རྒྱལ་ཡོངས་ཀྱི་རིགས་གཅིག་པའི་ཐོན་རྫས་ཀྱི་ཕྱིར་གཏོང་རིན་ཐང་བསྡོམས་འབོར་གྱི་98.3%བཟུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།