སི་ཁྲོན་དཀར་མཛེས་ཀྱི་ལུའུ་ཏིང་ལྕགས་ཟམ་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་བྱས་པ།

ཉེ་ཆར། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཡིན་པའི་ལུའུ་ཏིང་ལྕགས་ཟམ་གྱི་གྲུབ་ཆའི་བདེ་འཇགས་དང་། དེ་བཞིན་འགྲོ་འོང་བྱེད་མཁན་མང་ཚོགས་དང་ཡུལ་སྐོར་བའི་འགྲོ་སྐྱོད་བདེ་འཇགས་ལ་འགན་སྲུང་ཏན་ཏིག་བྱ་ཆེད། སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་ལྕགས་ཟམ་ཁ་རྫོང་གིས་ལུའུ་ཏིང་ལྕགས་ཟམ་ཉམས་བཟོ་བྱས་པ་རེད། འདི་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལྕགས་ཟམ་ཁ་རྫོང་དུ་བཟོ་པས་ལུའུ་ཏིང་ལྕགས་ཟམ་ཐོག་བཙའ་དང་དྲེགས་པ་གཙང་སེལ་བྱས་པ་མ་ཟད། སྣུམ་བྱུགས་ནས་འགོག་སྲུང་བདག་སྐྱོང་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།