མཚོ་སྔོན་ཞིང་ཆེན་གྱི་སྦྲང་རྩིའི་ཐོན་རྫས་ཕྱིར་གཏོང་ཆེ་ལ་སྤུས་ཀ་ལེགས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཟླ་12ཚེས་18ཉིན་གསར་འགོད་པར་ཟི་ལིང་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། 2025ལོའི་ཟླ་དང་པོ་ནས་ཟླ་བཅུ་གཅིག་པའི་བར། མཚོ་སྔོན་ཞིང་ཆེན་གྱི་སྦྲང་རྩིའི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྒོར་ཁྲི་1558.9ཟིན་པ་དེ་དུས་མཚུངས་ལས་23.2%འཕར་ཡོད་པ་རེད།
མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་དུ་སྦྲང་རྩིའི་ཁམས་དྭངས་ཤིང་རོ་མངར་བས། རང་བྱུང་ལྷན་སྐྱེས་ཀྱི“འཚོ་བཅུད་སྤུས་ལེགས”ཞེས་འབོད་སྲོལ་ཡོད། རྫོང་དེས“གོ་ལ་ཧྲིལ་པོའི་མེ་ཏོག་གི་དགའ་ཚལ་མཛེས་ཤོས་བཅུའི”སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་ཆ་སྤྱད་པས། སྦྲང་རྩིར་སིང་ཕྱེ་འདུས་ཚད་མཐོ་ཤོས་ལ་29.4%ཟིན་ནས་རྒྱལ་ཁབ་ཀྱི་ཚད་གཞི་ལས་ལྡབ་ལྔ་ཡིས་མཐོ་བ་ཡོད་པ་མ་ཟད། དེར་འཚོ་བཅུད་དང་སྐྱེ་ལྡན་སྐྱུར་རྒྱུ་མང་པོ་འདུས་པས་ཧན་གོ་དང་ཀྲུང་གོའི་ཤང་ཀང་སོགས་ཀྱི་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
མཚོ་སྔོན་ཞིང་ཆེན་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱིར་གཏོང་རྒྱ་ཆེར་འགྲོ་བར་སྐུལ་འདེད་གཏོང་ཆེད། ཟི་ལིང་འགག་སྒོ་ལས་ཁུངས་ཀྱིས“འགག་སྒོའི་ཐད་གཏོང་ཞབས་འདེགས”གསར་དུ་བཏོད་ནས་ཕྱིར་གཏོང་ཁེ་ལས་ལ་ཞིང་ནང་ནས་གསོལ་ལྕོག་བར་གྱི་འཁོར་འབྲེལ་ཧྲིལ་པོའི་སྤུས་ཚད་དང་བདེ་འཇགས་ལ་ཚོད་འཛིན་བྱེད་པའི་མ་ལག་འཛུགས་རྒྱུར་མཛུབ་ཁྲིད་བྱས་པ་དང་སྦྲགས། སོས་ལ་རུལ་སླ་བའི་ཞིང་ལས་བཟའ་བཅའི་ཐོན་རྫས་ཀྱི“ཤར་སྐྱོད་འགྲོ་ལམ”ཤར་གཏོང་བྱས་ཐོག“སྙན་སེང་ཞུ་འཕྲལ་ཞིབ་བཤེར་དང་། ཞིབ་བཤེར་བྱས་འཕྲལ་ཆོག་འཐུས་སྤྲོད་པའི”མགྱོགས་ཤིང་མྱུར་བའི་ཞིབ་བཤེར་ཕྱིར་གཏོང་གི་བྱེད་སྟངས་སྤྱད་པས། ཕྱིར་གཏོང་གི་རེ་ཞུ་མ་བྱས་གོང་གི་ལྟ་སྐུལ་དོ་དམ་བྱ་བར“སྒུག་མི་དགོས་པ”དང་། དཔང་ཡིག“སྤྲིན་ཚོམ་ནས་ཆོག་མཆན་འགོད་པ” “ནར་འགྱངས་མེད་པ”བཅས་བྱུང་ནས་ཚད་གཞི་མཐོ་བའི་ལྟ་འདོམས་ལ་བརྟེན་ནས་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་པར་ཞབས་འདེགས་ཞུ་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།